19
Fri, Apr

རྒྱ་གར་བྱང་ཕྱོགས་རྡོ་རྗེ་གླིང་ནས་ས་ལི་སྒ་ར་བར་དུ་བོད་མི་ཚོས་ཞི་བའི་གོམ་བགྲོད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༣་ཚེས་༨ཉིན་སྤེལ། བོད་མི་༡༥༠་ཙམ་གྱིས་རྒྱ་གར་བྱང་ཕྱོགས་རྡོ་རྗེ་གླིང་ནས་ས་ལི་སྒ་ར་བར་དུ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཆེད་ཞི་བའི་གོམ་བགྲོད་གནང་བཞིན་འདུག

དེ་ཡང་། ཐེངས་འདིའི་ཞི་བའི་གོམ་བགྲོད་གོ་སྒྲིག་གནང་མཁན་ནི་བྱང་ཤར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་པ་དང་། གོམ་བགྲོད་ནང་དུ་འཛུལ་ཞུགས་གནང་མཁན་བོད་མི་རྒན་གཞོན་ཁྱོན་༡༥༠་ཙམ་ཡོད་པ་དང་། དགུང་ལོ་ཆེ་ཤོས་ནི་ཀ་ལིམ་པོང་ནས་ཡིན་པའི་པདྨ་དོན་གྲུབ་ལགས་(༧༨)་དང་། ལོ་ན་ཆུང་ཤོས་ནི་བསྟན་འཛིན་བསོད་ནམས་(༡༦)ཡིན་འདུག གོམ་བགྲོད་པ་རྣམས་ནི། ཀ་ལིམ་པོང་དང་། རྡོ་རྗེ་གླིང་དང་། སྒང་ཏོག རང་དབང་ལ། སོ་ན་ད། མེ་རིག ཁ་ཞང་བཅས་ས་གནས་ཁག་བདུན་ནས་ཕེབས་ཡོད། གོམ་བགྲོད་ཀྱི་ལམ་ཐག་གི་ཆ་ནས། ཀི་ལོ་མི་ཊར་༨༠ སར་བགྲོད་པའི་འཆར་གཞི་ཡོད།

བྱང་ཤར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྱིན་པ་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་ཞི་བའི་གོམ་བགྲོད་སྐོར་ངོ་སྤྲོད་གནང་དོན། གོམ་བགྲོད་འདི་ནི། ཟླ་འདིའི་ཚེས་པ་བཞི་ལ་གོམ་བགྲོད་པ་རྣམས་ས་གནས་ཁག་ནས་རྡོ་རྗེ་གླིང་ལ་འཛོམས་པ་དང་། ཚེས་པ་བདུན་ཉིན་དངོས་སུ་རྡོ་རྗེ་གླིང་ནས་ཐོན་ཏེ་གོམ་བགྲོད་ཀྱི་མགོ་བརྩམས་པ་རེད། གོམ་བགྲོད་དུ་ཞུགས་མཁན་ཁྱོན་མི་གྲངས་༡༥༠་ཙམ་ཡོད་པ་དང་། དགུང་ལོ་བགྲེས་ཤོས་ནི་ལོ་༧༥་ཡིན་པའི་པདྨ་དོན་གྲུབ་དང་། ཆུང་ཤོས་ནི་ལོ་༡༦་ཡིན་པའི་བུ་མོ་བསྟན་འཛིན་བསོད་ནམས་ལགས་རེད། གོམ་བགྲོད་པ་རྣམས་ཕེབས་སའི་ས་གནས་ཁག་ནི། ཀ་ལིམ་པོང་(Kalimpong)དང་། རྡོ་རྗེ་གླིང་(Darjeeling)དང་། སྒང་ཏོག་(Gangtok) རང་དབང་ལ(Ravangla)། སོ་ན་ད(Sonada)། མེ་རིག་(Mirik) ཁ་ཞང་(Kurseong)་དང་ས་ལི་སྒ་ར་(salugara)བཅས་ས་གནས་ཁག་བདུན་ནས་ཕེབས་ཡོད། གོམ་བགྲོད་ཀྱི་ལམ་ཐག་གི་ཆ་ནས། ཀི་ལོ་མེ་ཊར་༨༠ སར་བགྲོད་པའི་འཆར་གཞི་ཡོད། ཅེས་དང་།

ཁོང་གིས་མུ་མཐུན་ནས་བརྗོད་དོན། གོམ་བགྲོད་འདི་ཉིད་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་༡༩༥༩ ལོ་ཟླ་༣ པའི་ཚེས་༡༠ ཉིན་ལ་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་གྱེན་ལངས་བྱས་ཏེ། རྒྱ་མི་བོད་ནས་ཕར་རྒྱུགས། བོད་ཀྱི་བདག་པོ་བོད་མི། ཞེས་འབོད་སྒྲ་གཉིས་པོ་འདི་བསྒྲགས་ཡོད་རེད། དེ་ནས་རྒྱ་དམག་གིས་བོད་མི་སྟོང་ཕྲག་མང་པོ་གསད་པ་དང་བཙོན་འཇུག་བྱས་ཡོད་པས། འདི་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་ལོ་རྟག་པར་གོམ་བགྲོད་ཀྱི་ལས་འགུལ་འདི་གོ་སྒྲིག་ཞུ་བཞིན་ཡོད། ལྷག་པར་དུ་རྒྱ་ནག་གིས་བོད་ཐོག་ཏུ་འཛིན་པའི་སྲིད་བྱུས་དམ་ནས་དམ་དུ་འགྲོ་བཞིན་ཡོད་པའི་དབང་གིས་ཉེ་བའི་ཆར་སྐུ་འདྲ་དང་དགོན་པ་མང་པོ་གཏོང་བཤིག་བཏང་བ་མ་ཟད། ད་དུང་གཞས་པ་ཚེ་དབང་ནོར་བུས་བོད་ཀྱི་བདེན་དོན་གྱི་སླད་སྐུ་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་པ་དང་། མདོར་ན། དེ་དག་ལ་གདུང་སེམས་མཉམ་སྐྱེད་བྱེད་ཆེད་ཡིན། ང་ཚོའི་དམིགས་ཡུལ་གཞན་ཞིག་ནི། ང་ཚོར་རྒྱལ་ཁབ་ཡོད། བོད་ཀྱི་བདག་པོ་བོད་མི་ཡིན། ང་ཚོར་སྐད་ཡིག་ཡོད། ཅེས་ལོ་རྟག་པར་གསུམ་པའི་ཚེས་བཅུ་ཉིན་དྲན་བྱེད་དགོས་པར་མ་ཟད། ཉིན་མོ་འདིའི་ང་ཚོའི་དཔའ་བོ་དཔའ་མོ་རྣམས་ཀྱང་དྲན་དགོས་པ་བཅས་ཡིན། ཞེས་བརྗོད་སོང་།

སྦྱིན་པ་ལགས་ད་དུང་འགྲེལ་བརྗོད་གནང་དོན། གོམ་བགྲོད་ཀྱི་ཉིན་གཉིས་འདིའི་རིང་ལ་དཀའ་ངལ་ཆེན་པོ་གང་ཡང་འཕྲད་མ་སོང་། ཐོག་མར་ཀ་ལིམ་པོང་ནས་ཕེབས་པའི་དགུང་ལོ་༧༥ ཅན་གྱི་པདྨ་དོན་གྲུབ་ལགས་ཁོང་གི་ཞབས་བདེ་མེད་པས། དཀའ་ངལ་འཕྲད་མིན་གྱི་ཐད་སེམས་ཁྲལ་ཏོག་ཙམ་བྱུང་། ཡིན་ནའང་། ཁོང་སྔོན་ཆད་གོམ་བགྲོད་དུ་ཞུགས་མྱོང་འདུག་པར་མ་ཟད། ཐེངས་འདིར་ཡང་གོམ་བགྲོད་ལེགས་པར་གནང་བཞིན་འདུག གཞོན་སྐྱེས་མང་པོའི་སེམས་ཤུགས་འཕེར་བའི་གཞི་རུ་གྱུར་སོང་། ཅེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།