16
Tue, Apr

བོད༌མི༌མང༌སྤྱི༌འཐུས༌ལྷན༌ཚོགས༌ཀྱི༌ཚོགས༌ཁང༌དུ། སྐབས༌བཅུ༌བདུན༌པའི༌འདེམས༌ཐོན༌སྤྱི༌འཐུས༌རྣམས༌ཀྱིས༌བར༌བརྒལ༌ཚོགས༌གཙོ༌མདུན༌ནས༌ལས༌ཁུར༌དམ༌འབུལ༌ཞུས༌འདུག པར། སྤྱི་ལྷན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡ཟླ་༡༠ཚེས་༨་ཉིན། བཞུགས༌སྒར༌རྡ༌ས༌བོད༌མི༌མང༌སྤྱི༌འཐུས༌ལྷན༌ཚོགས༌ཀྱི༌ཚོགས༌ཁང༌དུ། སྐབས༌བཅུ༌བདུན༌པའི༌འདེམས༌ཐོན༌སྤྱི༌འཐུས༌རྣམས༌ཀྱིས༌བར༌བརྒལ༌ཚོགས༌གཙོ༌མདུན༌ནས༌ལས༌ཁུར༌དམ༌འབུལ༌ཞུས༌རྗེས། སྤྱི་འཐུས་རྣམས་ཀྱིས་འོས་བསྡུའི་ལམ་ནས་ཚོགས་གཙོ་དང་ཚོགས་གཞོན་བདམས་གནང་སོང་། ཚོགས་གཙོ་ནི་དགེ་བཤེས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། ཚོགས་གཞོན་ནི་སྒྲོལ་མ་ཚེ་རིང་ལགས་འདེམས་ཐོན་བྱུང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠།༣༠་པའི་ཐོག བར་བརྒལ་ཚོགས་གཙོས་ཁྲིམས་ཞིབ་པ་ཆེ་བ་ཟུར་པའི་མདུན་ནས་ལས་འཁུར་དམ་འབུལ་ཞུས་པ་དང་། དེ་ནས་༡༡། ༡༥ པའི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་ཁང་དུ། བར་བརྒལ་ཚོགས་གཙོའི་མདུན་ནས་སྤྱི་འཐུས་རྣམ་པས་རིམ་བཞིན་ལས་འཁུར་དམ་འབུལ་ཞུས་སོང་།

ཉིན་རྒྱབ་ཆུ་ཚོད་༢་པའི་ཐོག་སྤྱི་འཐུས་རྒྱུན་ལས་ཁང་དུ། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་གནང་སོང་། སྐབས་དེར། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ལ་འོས་གྲངས་༢༣ ཐོབ་པ་དང། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་༢༢ ཐོབ་འདུག དེར་བརྟེན། མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སྤྱི་འཐུས་ཚོགས་གཙོར་འདེམས་ཐོན་བྱུང་སོང་།

དེའི་རྗེས། སྤྱི་འཐུས་ཚོགས་གཞོན་འོས་འདེམས་གནང་སོང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་༢༣་ཐོབ་པ་དང་། སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ལ་འོས་གྲངས་༡༨་ཐོབ་པ་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ལ་འོས་གྲངས་༢་ཐོབ་འདུག འོས་གཉིས་རྩིས་མེད་ཕྱིན་འདུག དེར་བརྟེན། སྒྲོལ་མ་ཚེ་རིང་ལགས་སྤྱི་འཐུས་ཚོགས་གཞོན་ལ་འདེམས་ཐོན་བྱུང་སོང་།

སང་ཉིན་ཏེ་ཚེས་༩ཉིན། སྔ་དྲོད་ཆུ་ཚོད་༩ པའི་ཐོག འདེམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་ཁྲིམས་ཞིབ་པ་ཆེ་བ་ཟུར་པའི་མདུན་དུ་ལས་འཁུར་དམ་འབུལ་ཞུ་རྒྱུ་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།