19
Fri, Apr

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༣༠ཉིན། སྲིད་སྐྱོང་མཆོག་གིས་རྡ་སར་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་རྡོ་རིང་ཞིག་དབུ་འབྱེད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༣༠ཉིན། བཞུགས་སྒར་རྡ་ས་ལྷ་རྒྱ་རིའི་སྐོར་ལམ་དུ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་མཆོག་གིས་འཕགས་བོད་ས་མཚམས་སུ་འབར་རྫས་རྐྱེན་པས་འདས་གྲོངས་སུ་གྱུར་པའི་བོད་ཀྱི་དྭང་སློབ་རུ་ཤོག་བདུན་པའི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་དཔའ་བོ་དྲན་རྟེན་ཞེས་པའི་རྡོ་རིང་ཞིག་དབུ་འབྱེད་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་༢༠༢༠་ཟླ་༨་ཚེས་༣༠་ཉིན། འཕགས་བོད་ས་མཚམས་ལ་དྭགས་ཤར་རྒྱུད་ཆུ་ཤུལ་ས་ཁུལ་དུ་ལུས་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་ཉི་མ་བསྟན་འཛིན་ལགས་ཀྱི་དཔའ་བོ་དྲན་རྟེན་ཞེས་པའི་རྡོ་རིང་ཞིག་དབུ་འབྱེད་གནང་སོང་།

སྲིད་སྐྱོང་མཆོག་གིས་གསུང་དོན། ལོ་སྔོན་མའི་དེ་རིང་ཚེ་འདས་ཉི་མ་བསྟན་འཛིན་ལགས་ང་ཚོའི་གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་སྐོར་སྲུང་དུ་ཕྱིན་སྐབས། ས་རྟགས་ཀྱི་ཐོག་ཏུ་གོམ་པ་སྤོས་པ་དང་། ལམ་སང་ཁོང་གིས་རོགས་པ་གཉིས་ཕར་ཕུད་རྒྱག་བཏང་ནས་རང་གི་ཚེ་སྲོག་བློས་བཏང་གནང་ཡོད་འདུག ཁ་སང་ལ་དྭགས་ལ་འགྲོ་སྐབས། ཁོང་གི་བཟའ་ཟླ་དང་ནང་མིར་ཐུག་པ་ཡིན། དེར་ས་གནས་མཐུན་ཚོགས་ཀྱི་གོ་སྒྲིག་འོག མི་མང་གིས་ཞལ་འདེབས་བསྡུས་ནས་བཞེངས་པའི་ཁོང་གི་དྲན་རྟེན་རྡོ་རིང་ཞིག་དབྱེ་འབྱེད་བྱས་པ་ཡིན།

ཡང་གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་བོད་དམག་གིས་རང་སྲོག་བློས་བཏང་བའི་ཐད་ནས་གསུང་དོན། ཉི་མ་བསྟན་འཛིན་ལགས་གཅིག་པོ་མ་རེད། ང་ཚོའི་གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད། ཕྱི་ལོ་༡༩༧༡་ལ་བྷང་ལ་ཌེ་ཤེ་རང་དབང་འཐབ་རྩོད་བྱེད་སྐབས་བོད་པའི་དམག་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད། དེ་བཞིན་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་ཀཱ་གྷིར་ནས་དམག་རྒྱག་སྐབས་ཀྱང་། བོད་མི་ཚོས་རྒྱ་གར་རྒྱལ་ཁབ་དང་མི་མང་སྲུང་སྐྱོབ་བྱེད་ཆེད་ཚེ་སྲོག་བློས་བཏང་གནང་ཡོད། ཁོང་ཚོའི་ཆེད་དུ་དྲན་རྟེན་རྡོ་རིང་འདི་འདྲ་བཞེས་ཡོད་མ་རེད། དེར་བརྟེན། ཉི་མ་བསྟན་འཛིན་ལགས་ཁོང་རྣམ་པ་ཚང་མའི་མཚོན་དོན་ལྟ་བུ་བྱས་ནས་དྲན་རྟེན་རྡོ་རིང་བཞེངས་པ་རེད། ཁོང་ཚོ་ཚང་མིའི་ནང་མི་རྣམས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་སྔོན་བོད་ཀྱི་དམག་ཁང་སྐོར་སྐད་ཆ་བཤད་ཀྱིན་ཡོད་མ་རེད། ད་ལྟར་བོད་མི་ཚོས་རྒྱ་གར་གྱི་སྲུང་སྐྱོབ་ཆེད་དུ་བློས་བཏང་ག་ཚོད་བྱེད་ཀྱིན་ཡོད་མེད་ཡོངས་གྲགས་ཡོད་པར་བརྟེན། མཚོན་དོན་གཞན་གཅིག་ནི་རྒྱ་གར་དང་ཡུལ་མི་ཚོ་ང་ཚོར་གལ་ཆེན་པོ་ག་ཚོད་ཡིན་མིན་དང་། ཁོ་ཚོའི་ཆེད་དུ་བོད་མི་ཚོས་སྲོག་ཡིན་ཡང་བློས་གཏོང་བཞིན་ཡོད་པ་མཚོན་གྱི་ཡོད། ཅེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།