20
Sat, Apr

བདམས་ཐོན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཟུར་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་མདུན་ནས་དམ་འབུལ་ཞུ་བཞིན་པ། པར། བོད་མིའི་སྒྲིག་འཛུགས་ཀྱི་པར་པ་བསྟན་འཛིན་ཕན་བདེ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་བཏང་བའི་ཐད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཅའ་ཁྲིམས་འགྲེལ་བརྗོད་གནང་བ། དེ་བཞིན། བཀའ་བློན་ཁྲི་ཟུར་དང་བཀའ་ཟུར་༢༡དང་སྤྱི་ཟུར་༢༤བཅས་ཀྱིས་གྲོས་ཆོད་དེ་ཕྱིར་བསྡུ་དང་རྗེས་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཕྱིན་པ་རྣམས་ཀྱང་ཕྱིར་བསྡུ་དགོས་པའི་རེ་སྐུལ་གནང་བ་བཅས་ཀྱིས་སྤྱིའཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དེའི་དངོས་དོན་དང་བྱ་རིམ་ཡོངས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད་པ་ར་སྤྲོད་གསལ་བོ་ཡིན་ཚུལ་དབུས་གཙང་སྤྱི་འཐུས་དང་མདོ་སྨད་སྤྱི་འཐུས་ཐུན་མོང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་བཀོད་གནང་འདུག

༢༠༢༡།༣།༢༥ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་སྟེང་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་༣༩པ་བཞག་སྟེ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་བཏང་བའི་ཐད། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་༡༠ཡིས་ཁྲིམས་དོན་ངོས་འཛིན་གསལ་བསྒྲགས་བསྐྱངས་པ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཅའ་ཁྲིམས་འགྲེལ་བརྗོད་གནང་བ། དེ་བཞིན། བཀའ་བློན་ཁྲི་ཟུར་དང་བཀའ་ཟུར་༢༡དང་སྤྱི་ཟུར་༢༤བཅས་ཀྱིས་གྲོས་ཆོད་དེ་ཕྱིར་བསྡུ་དང་རྗེས་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཕྱིན་པ་རྣམས་ཀྱང་ཕྱིར་བསྡུ་དགོས་པའི་རེ་སྐུལ་གནང་པ་བཅས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དེའི་དངོས་དོན་དང་བྱ་རིམ་ཡོངས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༠དང་༥༤། དོན་ཚན་༦༣ནང་གསེས་༤བཅས་དང་འགལ་ཡོད་པ་ར་སྤྲོད་གསལ་བོ་བྱུང་ཡོད། ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་བཀོད་གནང་འདུག ཡིག་ཐོག་གསར་འགོད་གསལ་བསྒྲགས་ཆ་ཚང་འདིར་མནན་ནས་གཟིགས་ཐུབ་པས་དེ་དོན་དགོངས་འཇགས་ཞུ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།