19
Fri, Apr

༢༠༡༨ལོའི་ཟླ་༩་ཚེས་༢༧ཉིན་བོད་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་འགྲོ་བཞིན་པའི་པར་རིས་འགྲེམས་སྟོན་སྐོར་བསྐྱོད་དབུ་འབྱེད་མཛད་སྒོའི་ཐོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་པའི་ཉིན་མོ་དང་སྟབས་བསྟུན། ཚོགས་གཙོ་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། དེ་རིང་ནས་རྩིས་ཏེ་ལོ་གཅིག་གི་རིང་ལ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས། རྒྱ་གར་ནང་ལོག་གི་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག དེ་ཡང་གཙོ་བོ་དམིགས་ས་ནི་རྒྱ་གར་གྱི་ས་གནས་ཁག་དང་། སློབ་གྲྭ་ཁག་ཏུ་པར་རིས་ཀྱི་ལམ་ནས་བོད་ཀྱི་གནས་སྟངས་དང་བོད་ཀྱི་ལོ་རྒྱུས་དྲིལ་བསྒྲགས་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

༢༠༡༨ལོའི་ཟླ་༩པའི་ཚེས་༢༧ཉིན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས། (CLUB HOUSE)གསོལ་མགྲོན་ཁང་དུ་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་མ་བྱས་གོང་གི་བོད་ཀྱི་གནས་སྟངས་དང་། བཙན་འཛུལ་བྱས་རྗེས་ཀྱི་དུས་སྐབས་རིམ་པའི་བོད་ཀྱི་ཆབ་སྲིད་དང་ཆོས། རིག་གཞུང་། སྐད་ཡིག འཁོར་ཡུག བུད་མེད་སོགས་ཀྱི་གནས་སྟངས་མཚོན་པའི་ཕྱོགས་བསྡུས་ཅན་གྱི་པར་རིས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཞིང་། དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་དང་། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་བཅས་ཀྱིས་དེ་རིང་གི་ཉིན་མོ་དང་པར་རིས་འགྲེམས་སྟོན་དང་འབྲེལ་བའི་གཏམ་བཤད་གནང་སོང་།

དེ་ཡང་། དེ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་པའི་ཉིན་མོ་དང་སྟབས་བསྟུན། རྒྱ་གཞུང་གིས་བོད་ནང་བཙན་འཛུལ་མ་བྱས་གོང་གི་བོད་ཀྱི་གནས་སྟངས་དང་། བཙན་འཛུལ་བྱས་རྗེས་ཀྱི་དུས་སྐབས་རིམ་པའི་བོད་ཀྱི་ཆབ་སྲིད་དང་ཆོས། རིག་གཞུང་། སྐད་ཡིག འཁོར་ཡུག བུད་མེད་སོགས་ཀྱི་གནས་སྟངས་མཚོན་པའི་ཕྱོགས་བསྡུས་ཅན་གྱི་པར་རིས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སྐབས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་དེ་རིང་གི་ཉིན་མོ་དང་པར་རིས་འགྲེམས་སྟོན་དང་འབྲེལ་བའི་ཐད་ནས་བརྗོད་དོན། པར་རིས་ནང་དུ་གསལ་དོན་ལྟར། བོད་ནང་དུ་ཡར་རྒྱས་ཀྱི་རྣམ་པ་ཞིག་འགྲོ་བཞིན་ཡོད་ནའང་། ད་དུང་ཕྱི་ལོ་༡༩༨༧ལོར། གཙོ་བོ་གཞོན་སྐྱེས་ཚོར་ཡར་ལངས་ཏེ་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ། བོད་རང་བཙན་རྒྱལ་ཁབ་ཡིན་པ་དང་རང་བཙན་དགོས་ཞེས་སྐད་འབོད་གནང་ཞིང་། ཚོགས་པའི་ངོས་ནས་དེ་རིང་གི་ཉིན་མོ་འདི་གལ་ཆེན་དུ་བརྩིས་ཀྱི་ཡོད། དེ་རིང་ང་ཚོ་འཛོམས་པ་འདི་ནི་མཛད་སྒོ་རང་གི་རྣམ་པ་ཞིག་མ་ཡིན་པར་བསྒྲགས་གཏམ་གྱི་རྣམ་པ་ཞིག་ཡིན་ཞིང་། གཙོ་བོ་དེ་ནི། དེ་རིང་ནས་རྩིས་ཏེ་ལོ་གཅིག་གི་རིང་ལ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས། རྒྱ་གར་ནང་ལོག་གི་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག དེ་ཡང་གཙོ་བོ་དམིགས་ས་ནི་རྒྱ་གར་གྱི་ས་གནས་ཁག་དང་། སློབ་གྲྭ་ཁག་ཏུ་པར་རིས་ཀྱི་ལམ་ནས་བོད་ཀྱི་གནས་སྟངས་དང་བོད་ཀྱི་ལོ་རྒྱུས་དྲིལ་བསྒྲགས་བྱ་རྒྱུ་དེ་ཡིན། ཞེས་བརྗོད་སོང་། ད་དུང་། ཁོ་མོས། བོད་ཀྱི་འཐབ་རྩོད་འདི་ནི་ཕྱི་ལོ་༡༩༥༩་དང་། ༡༩༨༧། ༢༠༠༨་སོགས་སུ་གནང་བ་ཙམ་ཞིག་མིན་པར། ལོ་ནས་ལོར་མཐུད་དེ་བོད་ཀྱི་འཐབ་རྩོད་ཀྱི་རྒྱུན་གནས་ཡོད་པ་སོགས་པར་རིས་ཀྱི་ལམ་ནས་སྟོན་རྒྱུ་ཡིན་སྐོར་དང་། ལས་འགུལ་འདི་ད་དུང་ཡང་རྒྱ་སྐྱེད་དེ་རྒྱལ་སྤྱིའི་སྒང་དུའང་སྤེལ་དགོས་སྐོར་བཅས་ཀྱང་བརྗོད་སོང་།

དེ་རྗེས། སྐུ་མ་གྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་དེ་རིང་གི་ཉིན་མོ་དང་པར་རིས་འགྲེམས་སྟོན་དང་འབྲེལ་བའི་གཏམ་བཤད་གནང་དོན། ལོ་རྒྱུས་ཀྱི་ཐོག་ནས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དཔང་ར་སྤྲོད་སྐོར་གྱི་པར་རིས་དང་། དེ་ནས་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་སྐོར་གྱི་པར་རིས། ད་ལྟའི་བོད་ནང་གི་གནས་སྟངས་སྐོར་གྱི་པར་རིས་བཅས་འདུག་ཅིང་། པར་རིས་འདི་དག་གིས་བོད་ཀྱི་གནས་སྟངས་ལེགས་པར་མཚོན། ང་ཚོ་མི་ཐོག་རེ་རེ་བྱས་ནས་འགྱུར་བ་ཐེབས་ཀྱི་ཡོད་པ་དང་། སྔོན་གྱི་དོན་དག་དང་ལོ་རྒྱུས་ཤེས་མཁན་རྣམས་རང་བཞིན་གྱིས་རྫོགས་ཀྱི་ཡོད། དེར་བརྟེན། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་བོད་ཀྱི་གནས་བབ། ཆོས་དང་རིག་གཞུང་། སྐད་ཡིག་དང་འཁོར་ཡུག་སོགས་མཚོན་པའི་པར་རིས་མང་པོ་བཀོད་སྒྲིག་གནང་འདུག་ཅིང་། དེ་དག་འགྲེམས་སྟོན་གྱི་ལམ་ནས། བོད་དང་རྒྱ་གར་སྤྱི་ཚོགས་ནང་དུ་ལོ་རྒྱུས་དྲན་གསོ་དང་བོད་ཀྱི་གནས་སྟངས་ངོ་སྤྲོད་སོགས་བྱས་ཏེ། བོད་མི་ཚོར་སེམས་ཤུགས་སྤེལ་བ་དང་ཕྱི་མི་ཚོར་བོད་དོན་གྱི་ཐད་ལ་སྐུལ་སློང་གནང་རྩིས་འདུག་སྟབས། ལས་འགུལ་འདི་ནི་ཧ་ཅང་གལ་ཆེ་ཞིང་གནད་འགག་ཆེན་པོ་ཞིག་རེད། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། དངོས་ཡོད་བོད་ཀྱི་གནས་སྟངས་དང་བོད་ཀྱི་ལོ་རྒྱུས། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་བཅས་ཡིག་ཐོག་དང་ངག་ཐོག་ནས་བརྗོད་པ་ཙམ་ཞིག་མ་ཡིན་པར། པར་རིས་ཀྱི་ཐོག་ནས་བསྟན་པ་ཡིན་ན། བོད་པའི་སྤྱི་ཚོགས་ནང་ཡིན་ནའང་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡིན་ནའང་རེད། ཀུན་ལ་བོད་དོན་ཐོག་ལ་གོ་རྟོགས་དང་ཡིད་ཆེས་སླེབས་པར་བྱེད་ཐུབ་སྟབས། བོད་དོན་གྱི་ཐད་ལ་རྒྱབ་སྐྱོར་རེག་ཡོང་བའི་སྐོར་བཅས་ཀྱང་བརྗོད་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།