18
Thu, Apr

རྒྱ་གར་ཆབ་སྲིད་ཚོགས་པའི་འཐུས་མི་རྣམས་ལ་མཇལ་ཁ་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་རྒྱ་གར་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཁག་བཞུགས་སྒར་ངྷ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཞུར་བཅར་འདུག

སྐབས་དེར་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་གྲོས་ཚོགས་འཐུས་མི་རྣམས་དྷ་སར་ཕེབས་པར་འཚམས་འདྲི་ཡོད་སྐོར་དང་། ཆབ་སྲིད་ཚོགས་པ་གང་ནས་ཡིན་མིན་ཐུགས་ཞིབ་མཛད་སྐབས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གུས་བརྩི་དང་སྦྲགས་དགའ་སྣང་གི་ཚོར་བ་ཆེན་པོས་བཀའ་ལན་ཞུས་འདུག

དེ་བཞིན་གྲོས་ཚོགས་འོག་མའི་(Lok Sabha བྷི་ཇེ་པི་ BJP) ཆབ་སྲིད་ཚོགས་པའི་འཐུས་མི་ལག་ཤི་མི་ན་ར་ཡན་ཡ་ཌབ་(Laxmi Narayan Yadav)མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པྲ་སནནཱ་པ་ཏ་ས་ནི་(Dr. prasanna Patasani) མཆོག མ་ཧཱ་རཱཤཊ་(Maharashtra)མངའ་སྡེའི་ལ་ཏུར་ (Latur) གྲོང་ཁྱེར་ནས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་ནིལ་གྷེཀ་ཝཌ་ (Sunil Gaikwad)མཆོག དེ་བཞིན་ཤིབ་སེ་ན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ཡོད་འདུག

སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན་དུ་ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་གཞུང་གིས་མགོན་པོ་མཆོག་ལ་བཞུགས་སྒར་ངྷ་རམ་ས་ལར་བཞུགས་གནས་ཕོ་བྲང་འབུལ་ལམ་ཞུས་པ་ནས་བཟུང་ད་བར་གཏན་འཇགས་བཞུགས་གནས་ལྟ་བུ་ཆགས་ཡོད་སྟབས་ཕ་ཡུལ་གཉིས་པར་བརྩི་བཞིན་ཡོད་སྐོར་སོགས་བཀའ་སློབ་བསྩལ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།