24
Sun, Sep

རྒྱ་གཞུང་གིས་ནག་འཇོམས་ངན་སེལ་ཟེར་བའི་སྲིད་བྱུས་འོག་ནས་མི་རྣམས་འཛིན་བཟུང་བྱེད་བཞིན་པ། པར། བརྒྱུད་ལམ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༣་ཚེས་༡་ཉིན་སྤེལ། རྒྱ་གཞུང་གིས་ཕྱི་ལོ་༢༠༢༢་ལོའི་ནང་དུ་ནག་འཇོམས་ངན་སེལ་ཟེར་བའི་སྲིད་བྱུས་ཀྱི་འོག་ནས། ཚོགས་པ་མང་པོ་ཞིག་ནག་ཚོགས་དང་ཁྲིམས་འགལ་རེད་ཟེར་ནས་མེད་པར་བཟོས་ཡོད་སྐོར་གསལ་འདུག འདི་ནི་རྒྱ་གཞུང་གིས་རང་གི་ལྟ་བ་དང་མི་མཐུན་པའི་ཚོགས་པ་དང་མི་སྒེར་རྩ་མེད་བཟོ་བའི་སྲིད་བྱུས་ཞིག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་སྲིད་བྱུས་ཞིག་ཡིན་པར་བརྗོད་ཀྱི་འདུག

དེ་ཡང་། བོད་ནང་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་གཞུང་གིས་ཕྱི་ལོ་༢༠༢༢་ནང་དུ་ནག་འཇོམས་ངན་སེལ་ཟེར་བའི་སྲིད་བྱུས་ཀྱི་མིང་ཐོག་ནས། ནག་ཚོགས་ཟེར་བའི་ཚོགས་པ་ཁྱོན་༡༦༠་དང་ཁྲིམས་འགལ་ཚོགས་པ་ཟེར་བའི་ཚོགས་པ་༡༥༢༠་མེད་པར་བཏང་བ། དེ་དང་འབྲེལ་ནས་གྱོད་གཞི་ཟེར་བའི་གནས་ཚུལ་ཁྲི་གཉིས་ལྷག་ཤེས་རྟོགས་བྱུང་ཡོད་སྐོར་གསལ་འདུག་ཅིང་། དེ་དག་ཕལ་མོ་ཆེ་ནི། དོན་དངོས་ཐོག“ནག་ཚོགས”དང་། “ཁྲིམས་འགའ”ཅན་མ་ཡིན་པར་རྒྱ་གཞུང་གི་ཆབ་སྲིད་ཀྱི་དགོས་དབང་གིས་དེ་ལྟར་ཉེས་མེད་ཉེས་འཛུགས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ནག་འཇོམས་ངན་སེལ་ཟེར་བའི་སྲིད་བྱུས་འདི་ནི། ཕྱི་ལོ་༢༠༡༨་ལོར་གསལ་བསྒྲགས་དང་ཕྱི་ལོ་༢༠༡༩་ནང་ལག་བསྟར་བྱས་པ་ཞིག་ཡིན་འདུག དེར་ཁྱོན་བསྡོམས་པའི་དོན་ཚན་༡༣་ཡོད་འདུག་ཅིང་། དོན་ཚན་གཙོ་བོ་གཅིག་ནི་རྒྱ་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞི་དང་བདེ་འཇགས་ལ་གནོད་པའི་བྱ་བ་དང་ཚོགས་པ་སོགས་མེད་པར་བཟོ་རྒྱུ་དེ་ཡིན་འདུག དེ་ཡང་། རྒྱ་གཞུང་གིས་བོད་མི་མང་པོ་ཞིག་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་རྗེས། ཆབ་སྲིད་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པ་ཟེར་བའི་ཉེས་མིང་གཡོགས་ནས་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད།

བོད་ནང་གི་བོད་མི་མང་པོ་ཞིག་གིས་ཕ་སྐད་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་གཞི་སྒྲུབ་པར་བརྟེན། རྒྱ་གཞུང་གིས་ནག་འཇོམས་ངན་སེལ་ཟེར་བའི་སྲིད་བྱུས་ལ་ཁ་གཡར་ནས། བོད་མི་དེ་དག་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ནས་རང་སྐད་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་འཕྲོག་བཞིན་འདུག དཔེར་ན། ཕྱི་ལོ་༢༠༢༡་ཟླ་༩་པའི་ནང་དུ་བོད་ཁམས་སེར་ཤུལ་རྫ་སྨད་དབོན་པོ་དགོན་དང་ཡུལ་ནས་བོད་མི་མང་པོ་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ནས་བོད་མི་ཁག་ཅིག་ས་གནས་དེར་སྐད་ཡིག་ཚོགས་པ་ཞེས་པ་བཙུགས་ནས་སློབ་ཕྲུག་དང་ཡུལ་མི་རྣམས་ལ་བོད་ཡིག་བསླབས་པ་བརྟེན་ནས་འཛིན་བཟུང་བྱས་ཡོད།

བོད་མི་ཚོས་༧གོང་ས་མཆོག་གི་སྐུ་པར་རང་ཁྱིམ་དང་རླངས་འཁོར་ནང་དུ་བཀལ་བར་བརྟེན་ནས། རྒྱ་གཞུང་གིས་ནག་འཇོམས་ངན་སེལ་ཟེར་བའི་སྲིད་བྱུས་ལ་འགལ་བར་བརྗོད་དེ། བོད་མི་དེ་དག་འཛིན་བཟུང་དང་བཙན་ཁྲིད་བྱས་དང་བྱེད་བཞིན་ཡོད་འདུག དེ་ཡང་། ཕྱི་ལོ་༢༠༢༡་ཟླ་༨་པ་དང་༩་པའི་ནང་དུ། རྒྱ་གཞུང་གིས་བོད་ཁམས་སེར་ཤུལ་རྫ་སྨད་དབོན་པོ་སྡེ་བ་དང་དགོན་པར་༸གོང་ས་མཆོག་གི་སྐུ་པར་དང་འབྲེལ་ནས་ཁྱོན་བོད་མི་༡༢༡་འཛིན་བཟུང་བྱས་འདུག

ད་དུང་བོད་མི་གཞན་མང་པོ་ཞིག་ཀྱང་རང་ཉིད་ཀྱིས་དད་གུས་བརྩེ་གསུམ་བྱེད་སའི་རྩ་བའི་བླ་མ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ཉར་བར་བརྟེན་ནས་འཛིན་བཟུང་དང་ཁྲིམས་ཐག་བཅད་ནས། བོད་མི་ཚོའི་ཆོས་དད་རང་དབང་ལ་རྡོག་རོལ་བཏང་དང་གཏོང་བཞིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།