19
Fri, Apr

རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། པར། བརྒྱུད་ལམ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༡༠་ཉིན་སྤེལ། རྒྱ་གཞུང་གིས་ལྷ་སའི་ཁྲིམས་ཁང་ཞིག་ནས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལོ་བཅུའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་། ཁོང་ལ་ཉེས་མིང་གང་བཙུགས་ཡོད་མེད་དང་། ག་དུས་ཁྲིམས་ཐག་བཅད་པའི་དུས་ཚོད་སོགས་ད་དུང་གསལ་ཁ་མི་འདུག

དེ་ཡང་། སྒོ་ཤེར་རབ་རྒྱ་མཚོ་ལགས་ཀྱི་གྲོགས་པོ་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་གཞུང་གིས་ལྷ་སའི་ཁྲིམས་ཁང་ཞིག་ནས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་འདུག འོན་ཀྱང་། ཁོང་ལ་ཉེས་མིང་གང་བཙུགས་ཡོད་མེད་དང་། ག་དུས་ཁྲིམས་ཐག་བཅད་པའི་དུས་ཚོད་སོགས་ད་དུང་གསལ་ཁ་མི་འདུག ཁོང་ལོ་གཅིག་ལྷག་གི་རིང་བཀག་ཉར་བྱས་པའི་རིང་། ཁོང་ལ་རྩམ་པ་རྒྱ་མ་༡༠་ལས་འཕྲོད་ཐུབ་མེད་པ་རེད།

རྩོམ་པ་པོ་སྒོ་ཤེར་ལགས་ཕྱི་ལོ་༢༠༢༠ཟླ་༡༠་ཚེས་༢༦ཉིན། ལྷ་ས་གསང་བའི་ལས་ཁུངས་ཀྱི་མི་སྣ་ཡིས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་གློ་བུར་དུ་འཛིན་བཟུང་བྱས་འདུག ཁོང་གི་ནང་མིར་ཁོང་འཛིན་བཟུང་བྱས་པའི་སྐོར་གསང་བ་བྱས་དགོས་པའི་ཉེན་བརྡ་ཤིག་ཀྱང་བཏང་ཡོད་འདུག

བོད་ཕྱི་ནང་གཉིས་སུ་གྲགས་པའི་རྩོམ་པ་པོ་སྒོ་ཤེར་ལགས། ཕྱི་ལོ་ ༡༩༧༡ ཟླ་༩ཚེས་༩་ཉིན། བོད་མདོ་སྨད་རྔ་བ་རྫོང་ཁ་ཤི་སྡེ་བ་ནས་སྐུ་འཁྲུངས་ཡོད་པ་དང་། ཁོང་གི་ཕ་མིང་ལ་སྒོ་བརྩོན་དང་མ་མིང་ལ་སྒྲོལ་དཀར་ཡིན་འདུག དགུང་ལོ་ཆུང་དུས་ནས་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་༡༩༩༠་ཡས་མས་སུ་ཁོང་རྒྱ་གར་དུ་སླེབས་ཡོད་འདུག ཕྱིས་སུ་བོད་དུ་ལོག་ཕེབས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་འདུག

ཕྱི་ལོ་༢༠༠༨ ལོར། བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་སྐབས། སྒོ་ཤེར་ལགས་བོད་ཀྱི་རྒྱལ་ས་ལྷ་སར་སློབ་གཉེར་གནང་ནས་བཞུགས་ཡོད་འདུག རྒྱ་གཞུང་ཉེན་རྟོག་པས་ཁོང་གཙོས་གྲྭ་པ་གཞན་མང་པོ་ཞིག་ལོ་གཅིག་ཙམ་ལ་ཟུར་དུ་བཀག་ཉར་བྱས་ཡོད་འདུག

ཕྱི་ལོ་༡༩༩༨་ནང་དུ། རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་སྐབས། སྒོ་ཤེས་ལགས་ཀྱིས་རྔ་བ་ཀིརྟི་དགོན་པ་ནས་ལས་འགུལ་དེ་རིགས་ལ་གདོང་ལེན་རིམ་པ་གནང་ཡོད་པ་མ་ཟད། དགའ་ལྡན་ལྔ་མཆོད་ཅིག་གི་སྐབས་སུ། ༧གོང་ས་མཆོག་གི་སྐུ་པར་གཟི་བརྗིད་ཅན་ཞིག་གློག་མཆོད་ཀྱི་དཀྱིལ་དུ་སྒྲིག་གཤོམ་བྱས་ཡོད་འདུག དེར་བརྟེན། ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ལོ་བཞིའི་རིང་བཙོན་འཇུག་བྱས་འདུག

ཁོང་གིས་ད་བར་དཔེ་དེབ་མང་པོ་བཏོན་ཡོད་པ་དང་། དེ་དག་ནི <<ང་ཚོ་སད་རན།>>། <<སྐྱེས་ཆེན་ཞིག་གི་བཞུད་ལམ>>། <<རང་ལམ་རང་འཚོལ>>། <<གསེར་ཐང་འཆད་ཁྲིད>>། <<བསམ་གཞིགས་པའི་སེམས་སྒྲ>>་ཞེས་པ་བཅས་ཁྱོན་དཔེ་དེབ་ ༨ ཙམ་པར་བསྐྲུན་གནང་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།