19
Fri, Apr

དགེ་འདུན་པ་འཕྲིན་ལས་ལགས

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡ཟླ་༡༢་ཚེས་༡༡ཉིན་སྤེལ། བོད་མདོ་སྨད་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་དགེ་འདུན་པ་འཕྲིན་ལས་ལགས་ལ་རྒྱ་གཞུང་གིས་༧གོང་ས་མཆོག་གི་བཀའ་སློབ་དང་། གསུང་རྩོམ་ཕྱག་དེབ་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་འདུག

དེ་ཡང་། འདི་གར་གསར་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན། རང་ལོ་༢༠་ཡིན་པའི་གྲྭ་གཞོན་ཁོང་རྒྱ་གཞུང་གིས་ཕྱི་ལོ་༢༠༢༡་ཟླ་༧་ཚེས་༡་ཉིན་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཉེ་ཆར་ཁོང་ལ་རྒྱ་གཞུང་གིས་༧གོང་ས་མཆོག་གི་བཀའ་སློབ་དང་། གསུང་རྩོམ་ཕྱག་དེབ་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་ནས་ལོ་ལྔ་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོང་ཁྲིམས་ཐག་བཅད་རྗེས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཡོད་པའི་མེན་ཡང་བཙོན་ཁང་(绵阳监狱)་དུ་ཁྲིད་ཡོད་འདུག

དགེ་འདུན་པ་འཕྲིན་ལས་ལགས་ནི། བོད་མདོ་སྨད་རྔ་བ་རྨེའུ་རུ་མ་ནས་ཡིན་འདུག དེ་སྔོན་ཡང་རྒྱ་གཞུང་གིས་ཁོང་གསང་བའི་ཐོག་ནས་ཐེངས་ཁ་ཤས་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་འདུག

བཙན་པོ་དགུང་དུ་གཤེགས་གྱུར་ཀྱང་། དེ་ཡི་བཀའ་ལ་འགལ་མི་བྱ། ཞེས་པའི་ཚིག་འདི་དགེ་འདུན་པ་ཁོང་གིས་ཤུལ་དུ་བཞག་པའི་ཁ་ཆེམས་སམ་རང་གི་ལང་ཕྱོགས་མཚོན་བྱེད་ཀྱི་ཚིག་ཡིན་པ་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།