18
Thu, Apr

སྣ་མང་ཤེས་བྱ།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༠་ཚེས་༧ཉིན་སྤེལ། འཛམ་གླིང་ནང་གི་རྒྱལ་ཁབ་ཁག་གི་ཕྱི་བསྐྱོད་ལག་འཁྱེར་སྟོབས་ཤུགས་ཆེ་ཤོས་ནི། ཉི་ཧོང་དང་། སི་གྷ་པུ། ཇར་མན། ལྷོ་ཀོ་རི་ཡ། ཧྥི་ལན། ཨི་ཊ་ལི། ལུ་ཛེམ་བྷར། སི་པན། ཨོ་སི་ཊི། ཌེན་མར་ཁི། ཧྥ་རན་སི་སོགས་ཡིན་པ་དང་། སྟོབས་ཤུགས་ཆུང་ཤོས་ནི་ཨི་རན་དང་། ལེ་བྷ་ནོན། སིང་གྷ་ལ། སུ་ཌན། བྷང་ག་ལ། བྱང་ཀོ་རི་ཡ། བལ་ཡུལ། པ་ཀི་སི་ཐན། སི་རི་ཡ། ཨ་ཧྥི་གྷན་ནི་སི་ཐན་སོགས་ཡིན་འདུག

དེ་ཡང་། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཧེན་ལེ་དང་མཐུན་གྲོགས་ཞེས་པའི་ཚོགས་པ་ཡིས་ཕྱི་ལོ་༢༠༢༡་ལོའི་ཧེན་ལེ་ཕྱི་བསྐྱོད་ལག་འཁྱེར་དཀར་ཆག་ཅེས་ཤིག་བཏོན་ཡོད་པ་དང་། དེའི་ནང་དུ་ས་ཆ་༢༢༧་དང་ཕྱི་བསྐྱོད་ལག་འཁྱེར་༡༩༩་ལ་དཔྱད་ཞིབ་བྱས་ཡོད་འདུག འཛམ་གླིང་ནང་གི་རྒྱལ་ཁབ་ཁག་གི་ཕྱི་བསྐྱོད་ལག་འཁྱེར་སྟོབས་ཤུགས་ཆེ་ཤོས་ནི། ཉི་ཧོང་དང་། སི་གྷ་པུ། ཇར་མན། ལྷོ་ཀོ་རི་ཡ། ཧྥི་ལན། ཨི་ཊ་ལི། ལུ་ཛེམ་བྷར། སི་པན། ཨོ་སི་ཊི། ཌེན་མར་ཁི། ཧྥ་རན་སི་སོགས་ཡིན་པ་དང་། སྟོབས་ཤུགས་ཆུང་ཤོས་ནི་ཨི་རན་དང་། ལེ་བྷ་ནོན། སིང་གྷ་ལ། སུ་ཌན། བྷན་ལ་ཌེ་ཤེ། བྱང་ཀོ་རི་ཡ། བལ་ཡུལ། པ་ཀི་སི་ཐན། སི་རི་ཡ། ཨ་ཧྥི་གྷན་ནི་སི་ཐན་སོགས་ཡིན་པར་གསལ་འདུག

དེ་དག་གི་ནང་ནས་རྒྱ་གར་ནི་ཨང་༩༠་ཡིན་པ་དང་རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་ཡོད་ཕྱིར་རྒྱལ་ཁབ་༥༨་ནང་དུ་མཐོང་མཆན་ཞུ་མི་དགོས་བསྐྱོད་ཆོག་གི་ཡོད་འདུག དེ་བཞིན། རྒྱ་ནག་ནི་ཨང་༧༢་པ་དེ་ཡིན་པ་དང་། ཕྱི་བསྐྱོད་ལག་འཁྱེར་ཡོད་ཕྱིར་རྒྱལ་ཁབ་༧༨་ནང་དུ་མཐོང་མཆན་ཞུ་མི་དགོས་བསྐྱོད་ཆོག་གི་འདུག

ཅི་ཞིག་ལ་སྟོབས་ཤུགས་ཆེ་བའི་ཕྱི་བསྐྱོད་ལག་འཁྱེར་ཟེར་རམ། དེ་ནི་རྒྱལ་ཁབ་ཅིག་གི་མི་སེར་ལ་རང་ཉིད་ཀྱི་ཕྱི་བསྐྱོད་ལག་འཁྱེར་ཡོད་ཕྱིར། རྒྱབ་ཁབ་གཞན་གྱི་མཐོང་མཆན་ཞུ་མི་དགོས་པ་རྒྱལ་ཁབ་དེའི་ནང་དུ་རང་དབང་ངང་ནས་འགྲོ་ཡོང་བྱེད་ཆོག་གི་ཡོད་འདུག དཔེར་ན། འཛམ་གླིང་ནང་གི་སྟོབས་ཤུགས་ཆེ་ཤོས་ཀྱི་ཕྱི་བསྐྱོད་ལག་འཁྱེར་ནི་ཉི་ཧོང་དང་སི་གྷ་པོ་ཡིན་པ་དང་། དེ་གཉིས་ཀྱི་ལག་འཁྱེར་ཡོད་ཕྱིར་རྒྱལ་ཁབ་༡༩༢་ནང་དུ་རང་དབང་ངང་ནས་འགྲོ་ཡོང་བྱེད་ཆོག་གི་ཡོད་འདུག ཕྱི་བསྐྱོད་ལག་འཁྱེར་དེ་རྒྱལ་ཁབ་ག་ཚོད་མང་པོའི་ནང་དུ་མཐོང་མཆན་ཞུ་མི་དགོས་པ་རང་དབང་ངང་བསྐྱོད་ཆོག་ཕྱིར་ཕྱི་བསྐྱོད་ལག་འཁྱེར་སྟོབས་ཤུགས་ཆེ་ཤོས་རྩིས་ཀྱི་ཡོད་འདུག

ཇར་མན་གྱི་ཕྱི་བསྐྱོད་ལག་འཁྱེར་ཡོད་ཕྱིར་རྒྱལ་ཁབ་༡༧༦་ནང་དུ་རང་དབང་ཡང་ན་མཐོང་ཆན་ཞུ་དགོས་པའི་གནས་སྟངས་འོག་ནས་འགྲོ་ཡོང་ཆོག་གི་ཡོད་འདུག ལྷོ་ཀོ་རི་ཡའི་ཕྱི་བསྐྱོད་ལག་འཁྱེར་ཐོག་ནས་རྒྱལ་ཁབ་༡༧༠་བསྐྱོད་ཆོག་གི་ཡོད་འདུག

ཅི་ཕྱིར་རྒྱལ་ཁབ་འདི་དག་གི་ཕྱི་བསྐྱོད་ལག་འཁྱེར་སྟོབས་ཤུགས་ཆེ་བ་ཡོད་ཟེར་ན། གཙོ་བོ་རྒྱལ་ཁབ་བར་གྱི་འབྲེལ་ལམ་དང་གྲོས་མཐུན་ལ་རེག་ལས་ཡོད་པ་ཞིག་ཡིན་འདུག རྒྱལ་ཁབ་ཕན་ཚུན་བར་རང་དབང་ངང་འགྲོ་ཡོང་ཆོག་པའི་གྲོས་མཐུན་བཞག་པ་སོགས་ཡིན་འདུག

སྟོབས་ཤུགས་ཆུང་བའི་ཕྱི་བསྐྱོད་ལག་འཁྱེར་ཁགགི་ནང་ནས། ཨ་ཧྥི་གྷན་ནི་སི་ཐན་གྱི་ཕྱི་བསྐྱོད་ལག་འཁྱེར་གྱིས་རྒྱལ་ཁབ་༢༦་ནང་དུ་མཐོང་མཆན་ཞུ་མི་དགོས་པ་འགྲོ་ཡོང་བྱེད་ཆོག་གི་ཡོད་པ་དང་། སི་རི་ཡའི་ཕྱི་བསྐྱོད་ལག་འཁྱེར་གྱིས་རྒྱལ་ཁབ་༢༩་ནང་དུ་མཐོང་མཆན་ཞུ་མི་དགོས་པ་འགྲོ་ཡོང་བྱེད་ཆོག་གི་ཡོད་པ། པ་ཀི་སི་ཐན་གྱི་ཕྱི་བསྐྱོད་ལག་འཁྱེར་གྱིས་རྒྱལ་ཁབ་༣༢་ནང་དུ་མཐོང་མཆན་ཞུ་མི་དགོས་པ་འགྲོ་ཡོང་བྱེད་ཆོག་གི་ཡོད་པ། ཡ་མན་གྱི་ཕྱི་བསྐྱོད་ལག་འཁྱེར་གྱིས་རྒྱལ་ཁབ་༣༣་ནང་དུ་མཐོང་མཆན་ཞུ་མི་དགོས་པ་འགྲོ་ཡོང་བྱེད་ཆོག་གི་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།