04
Thu, Jun

ཨོ་ཎ་ཏོག་དབྱིབས་ནད་དུག་ཕོག་མཁན་གསུམ་དེ་ད་ལྟར་ཀང་ར་རྫོང་གི་ཊན་ཀྲ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག། པར། བརྒྱུད་ལམ།

གསར་འགྱུར་གཞན།
Typography

༢༠༢༠་ལོའི་ཟླ་༤་ཚེས་༢་ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཨོ་ཎ་(Una)་རྫོང་དུ་ཏོག་དབྱིབས་ནད་དུག་ཕོག་མཁན་གསར་པ་གསུམ་བྱུང་འདུག ཁོ་ཚོ་ནི་ཟླ་སྔོན་མར་ལྡི་ལིར་ཁ་ཆེ་ཆོས་ཚོགས་ཤིག་ཏུ་ཕྱིན་ནས་ནད་དུག་ཕོག་ཡོད་འདུག

དེ་ཡང་། ཟླ་སྔོན་མའི་ཚེས་༡༣་ནས་༡༥་བར་ལྡི་ལིའི་ཎ་ཛ་མོ་ཌི་ས་ཁུལ་ལ་ཏཱ་བྷ་ལི་ཇཱ་མཱ་ཁ་ཆེའི་ཆོས་ཚོགས་ཞེས་པ་ཞིག་ཚོགས་ཡོད་པ་དང་། དེར་ཕྱི་རྒྱལ་དང་རྒྱ་གར་བ་ཁྱོན་མི་གྲངས་༢༠༠༠་ལྷག་མཉམ་ཞུགས་བྱས་འདུག ཉེ་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་པའི་རྒྱུ་མཚན་གཅིག་ཡིན་པར་རྒྱ་གར་གྱི་དཔལ་འབྱོར་དུས་བབ་དང་བརྒྱུད་ལམ་ཁག་ན་གསལ་འདུག

ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ནང་མི་བདེ་དོན་ལས་ཁུངས་ཀྱི་དྲུང་ཆེ་ཌི་མན(RD Dhiman)གྱིས་གསལ་བསྒྲགས་སྤེལ་བར་ལྟར་ན། གོང་གི་ཏོག་དབྱིབས་ནད་དུག་ཕོག་མཁན་གཉིས་ནི་ཏཱ་བྷ་ལི་ཇཱ་མཱ་ཁ་ཆེའི་ཆོས་ཚོགས་ལ་ཞུགས་རྗེས། ཕྱིར་ཧི་མ་ཅལ་ཨོ་ཎ་རྫོང་དུ་ལོག་ཡོད་འདུག དེ་ནས་ཀང་ར་རྫོང་གི་ཊན་ཀྲ་སྨན་ཁང་དུ་བརྟག་དཔྱད་བརྒྱུད་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་ཤེས་འདུག ཁོ་གཉིས་དང་འབྲེལ་བ་བྱུང་བའི་ཁྱོན་མི་གྲངས་༢༣་ལ་ཏོག་དབྱིབས་ནད་དུག་ཡོད་མེད་བརྟག་དཔྱད་བྱས་ཡོད་ཀྱང་། ཁོ་ཚོ་ཚང་མར་ནད་དུག་དེའི་ནད་རྟགས་ཐོན་མེད་པ་རེད།

ཉེ་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་པའི་རྒྱུ་མཚན་གཅིག་ནི་གོང་གི་ཆོས་ཚོགས་དེ་དང་འབྲེལ་བ་ཡོད་པ་དང་། ཆོས་ཚོགས་དེར་ཕྱི་རྒྱལ་དང་རྒྱ་གར་བ་ཁྱོན་མི་གྲངས་༢༠༠༠་ལྷག་མཉམ་ཞུགས་བྱས་འདུག ཕྱི་རྒྱལ་ཁབ་བཅུ་གཅིག་ནས་མི་གྲངས་༢༧༥་ཆོས་ཚོགས་དེར་མཉམ་ཞུགས་ཆེད་དུ་སླེབས་འདུག རྒྱ་གར་ནང་དུ་ཏོག་དབྱིབས་ནད་དུག་རྐྱེན་གྱིས་མི་༣༩་གྲོངས་ཡོད་པ་རྣམས་ནི་ཆོས་ཚོགས་དེར་ཞུགས་རྗེས་ཡང་ན་མི་དེ་དག་དང་འབྲེལ་བ་བྱུང་ཡོད་པར་བརྒྱུད་ལམ་ཁག་ན་གསལ་འདུག

ཕྱི་རྒྱལ་ཁབ་ནས་སླེབས་པའི་མི་གྲངས་༢༧༥་རྣམས་ནི། ཨིན་ཌོ་ནེ་ཞི་ཡ་ནས་མི་གྲངས་༡༧༢་དང་། ཀཱ་ཛ་གྷི་སི་ཐན་ནས་མི་གྲངས་༣༦། བྷན་ལ་ཌི་ཞི་ནས་མི་གྲངས་༢༡། མཱ་ལཱར་ཞི་ཡ་ནས་མི་གྲངས་༡༢། ཨཱ་ལི་གྷེ་རི་ནས་མི་གྲངས་བདུན། ཨ་རི་དང་ཨ་ཧྥི་གྷ་ནི་སི་ཐན་ནས་མི་གྲངས་གཉིས་རེ། ཧྥི་རན་སི་དང་ཏུ་ནི་ཞི་ཡ། བྷེལ་ཀམ། ཨེ་ཊར་ལི་བཅས་ནས་མི་གྲངས་རེ་རེ་སླེབས་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།