04
Thu, Jun

ཏོག་ནད་བརྟག་དཔྱད་ཡོ་ཆས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༤་ཚེས་༡༧་ཉིན་སྤེལ། རྒྱ་གར་དུ་ཏོག་དབྱིབས་གཉན་སྲིན་ཕོག་མཁན་ཉིན་རེ་ནས་འཕེལ་བཞིན་པའི་སྐབས་འདིར། རྒྱ་ནག་ནས་རྒྱ་གར་ལ་ཏོག་ནད་བརྟག་དཔྱད་ཡོ་ཆས་འབུམ་གཅིག་ལྷག་ཞལ་འདེབས་བརྒྱབ་ཡོད་པ་དང་། དེའི་ནང་ནས་ཡོ་བྱད་ཁྲི་དགུ་བརྟག་དཔྱད་བརྒྱུད་བདེ་འཇགས་དང་སྤུས་ཚད་མ་ལོན་སྟབས་ཕན་ཐོགས་མི་འདུག

དེ་ཡང་། ཁ་སང་རྒྱ་གར་དཔལ་འབྱོར་དུས་བབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༥ཉིན། རྒྱ་ནག་ནས་རྒྱ་གར་ལ་ཏོག་ནད་བརྟག་དཔྱད་ཡོ་ཆས་འབུམ་གཅིག་དང་ཁྲི་བདུན་ཞལ་འདེབས་བརྒྱབ་ཡོད་པ་དེ་རྒྱ་གར་ལ་འབྱོར་འདུག འོན་ཀྱང་། རྒྱ་གར་གཞུང་གིས་ཡོ་བྱད་དེ་དག་གི་སྤུས་ཚད་ལ་བརྟག་དཔྱད་བརྒྱུད། དེའི་ཁྲོད་ཀྱི་ཡོ་བྱད་ཁྲི་ལྔ་བདེ་འཇགས་ཀྱི་སྤུས་ཚད་ལོན་མེད་པ་བརྟེན་བེད་མེད་ཆགས་པ་དང་། ད་དུང་རིགས་གཉིས་ཡོད་པའི་ཡོ་བྱད་ཆུང་བ་ཁྲི་བཞི་ཡང་སྤུས་ཚད་ལོན་མེད་པར་གསལ་འདུག

རྒྱ་གར་དུ་ཉིན་རེར་ཏོག་ནད་བརྟག་དཔྱད་ཡོ་ཆས་་ཁྲི་གཅིག་དགོས་ཀྱི་ཡོད། དེར་བརྟེན། རྒྱ་གར་གཞུང་གིས་ཉིན་རེར་ཏོག་ནད་བརྟག་དཔྱད་ཡོ་བྱད་ཁྲི་གསུམ་བཟོ་འཆར་ཡོད་པ་དང་། དེའི་སྔོན་ཡང་ཏོག་ནད་སྔོན་འགོག་ཆེད་འགྱིག་གི་ཆ་འགྲིག་གྱོན་ཆས་འགྲེམས་སྤེལ་བྱས། ད་དུང་ཏོག་ནད་དང་འབྲེལ་བའི་མཁོ་ཆས་རྣམས་ཉིན་རེར་གང་ཐུབ་བཟོ་བསྐྲུན་བྱེད་བཞིན་འདུག

ཟླ་འདིའི་ཟླ་མཇུག་ཏུ་རྒྱ་གར་གྱིས་ཏོག་ནད་སྔོན་འགོག་གི་མཁོ་ཆས་ཁྲི་ལྔ་འགྲེམས་སྤེལ་བྱ་འཆར་འདུག ད་སྔ་སྨན་པ་དང་སྨན་ཞབས་པ་ཚོར་ཏོག་ནད་སྔོན་འགོག་ཆེད་འགྱིག་གི་ཆ་འགྲིག་གྱོན་ཆས་འབུམ་གཅིག་ཁྲི་ལྔ་ལྷག་འགྲེམས་སྤེལ་ཟིན་པ་དང་། བདུན་ཕྲག་འདིའི་ནང་ད་དུང་འབུམ་གཅིག་འགྲེམས་སྤེལ་བྱ་འཆར་འདུག

རྒྱ་གར་དུ་ད་སྔ་མི་ཆིག་ཁྲི་སུམ་སྟོང་སུམ་བརྒྱ་བརྒྱད་ཅུ་གྱ་བདུན་ལ་ཏོག་ནད་ཕོག་ཡོད་པ་དང་། དེའི་ཁྲོད་དྲག་སྐྱེད་བྱུང་བའི་མི་གྲངས་ནི་ཆིག་སྟོང་བདུན་བརྒྱ་བཞི་བཅུ་ཞེ་དགུ་དང་། འདས་གྲོངས་སུ་ཕྱིན་པ་ནི་བཞི་བརྒྱ་སུམ་ཅུ་སོ་བདུན་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།