03
Fri, Apr

༢༠༡༩་ལོའི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༢་ཚེས་༦་ཉིན་སྤེལ། ༢༠༡༩་ལོའི་ནང་དུ་རྒྱལ་སྤྱིའི་ཐོག་བྱུང་བའི་གནས་ཚུལ་གལ་ཆེན་ཁག་ཕྱོགས་བསྡུས། ཨ་རི་དང་རྒྱ་ནག བྱང་ཀོ་རི་ཡ། ཧོང་ཀོང་། ཨུ་རུ་སུ་སོགས་ཀྱི་རྒྱལ་ཁབ་ནང་དུ་བྱུང་བའི་གསར་འགྱུར་ཁག

ཟླ་༡་ཚེས་༦་ཉིན། མ་ལ་ཞི་ཡའི་རྒྱལ་པོ་མུ་ཧ་མཌ་ཝ་ཡིས་ཁོ་རང་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། ཁོ་ནི་དེང་རབས་ལོ་རྒྱུས་ཀྱི་ནང་དུ་མ་ལ་ཞི་ཡའི་དབུ་ཁྲིད་དགོངས་ཞུ་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

ཟླ་༡་ཚེས་༡༥་ཉིན། དབྱིན་ལེན་གྱི་སྲིད་བློན་ཐེ་རེ་ས་མར་དབྱིན་ཡུལ་ཡུ་རོབ་སྤྱི་མཐུན་ཚོགས་པ་ནས་ཐོན་པའི་སྲིད་བྱུས་ལ་ཕམ་ཉེས་བྱུང་ཡོད་པ་དང་། དེའི་རྗེས། དབྱིན་ལེན་གྱི་ངལ་རྩོལ་ལས་མི་ཚོགས་པའི་འགོ་ཁྲིད་ཁོར་བྷོན་གྱིས་གཞུང་ལ་གདེང་ཚོད་མེད་པའི་འོས་བླུགས་དགོས་པའི་དགོས་འདུན་བཏོན།

ཟླ་༢་ཚེས་༢༠་ཉིན། བྷན་ལ་ཌི་ཤིའི་རྒྱལ་ས་ཌ་ཁའི་ལོ་རྒྱུས་ལྡན་པའི་ས་ཆ་ཞིག་ལ་ཁང་ཆེན་དང་རྫས་སྦྱོར་གྱི་ཁང་པ་བཅས་ལ་མེ་ཤོར་ནས་མི་གྲངས་༦༧་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་༤༠་ལྷག་ལ་རྨས་སྐྱོན་ཕོག་འདུག

ཟླ་༣་ཚེས་༡༠ ཉིན། ཨི་ཐོ་པིན་གནམ་གྲུ་ཨང་༣༠༢་པ་རྒྱལ་ས་ཨ་ཌི་ཨ་བྷ་བྷ་ནས་ཀེན་ཡའི་གྲོང་འཁྱེར་ཎི་རོ་བྷིའི་ལམ་དབར་དུ་བསྐྱོད་སྐབས་བརྡབ་ལྷུང་བྱུང་ནས་གནམ་གྲུའི་ནང་གི་འགྲུལ་མི་གྲངས་༡༥༧་ཤི་ཡོད་འདུག

ཟླ་༤་ཚེས་༡༥་ཉིན། ཧྥ་རན་སུའི་རྒྱལ་ས་ཕད་རི་སུའི་ལོ་ངོ་༨༥༠་ཡི་ལོ་རྒྱུས་ལྡན་པའི་ཡི་ཤུའི་ལྷ་ཁང་ཎོ་ཊེར་ཌམ་མེ་སྐྱོན་ཤུགས་ཆེན་བྱུང་འདུག

ཟླ་༤་ཚེས་༢༡་ཉིན། སིང་གྷ་ལར་ཡི་ཤུའི་ལྷ་ཁང་དང་མགྲོན་ཁང་བཅས་ནས་འབར་རྫས་ཀྱི་རྐྱེན་པས་མི་གྲངས་༢༥༧་བསད་ཡོད་པ་དང་། གསང་བའི་ལས་ཁུངས་ཤིག་གིས་གནས་ཚུལ་དེའི་རིང་འབྱུང་སྲིད་པའི་ཉེན་བརྡ་སྔོན་དུ་བཏང་ཡོད་པ་རེད།

ཟླ་༦་ཚེས་༡༦་ཉིན། ཧོང་ཀོང་ནང་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེར་ངོ་རྒོལ་བྱེད་པའི་འགོ་བཙུགས་ཡོད་པ་དང་། ངོ་རྒོལ་བ་གྲངས་ས་ཡ་གཉིས་ངོ་རྒོལ་ནང་དུ་ཞུགས་ཡོད་པར་གསལ་འདུག ཟླ་༩་ཚེས་༤་ཉིན། དངོས་སུ་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་དེ་ཆ་ཚང་ཕྱིར་འཐེན་བྱས། ཧོང་ཀོང་ངོ་རྒོལ་བ་ཚོས་དགོས་འདུན་ལྔ་ཅན་ཞིག་བཏོན་ཡོད་པ་དང་། དེའི་ནང་དུ་ཧོང་ཀོང་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་དགོངས་ཞུ་དགོས་པ་སོགས་འཁོད་འདུག

ཟླ་༧་ཚེས་༢༣་ཉིན། དབྱིན་ལེན་རྙིང་ཞེན་ཅན་གྱི་ཆབ་སྲིད་ཚོགས་པའི་ཚོགས་མི་བྷོ་རུ་ཇོ་སོན་སྲིད་བློན་དུ་བདམས་འདུག ཚེས་༢༤་ཉིན། སྲིད་བློན་ཐེ་རེ་ས་མར་དགོངས་པ་ཞུས་འདུག་པ་དང་། དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛ་བྷེ་ཐི་ཡིས་ཇོ་སོན་གྱི་སྲིད་དབང་བཟུང་བར་གདན་འདྲེན་ཞུས་འདུག

ཟླ་༨་ཚེས་༡་ཉིན། ས་ཌི་ཨ་རབ་སྲིད་གཞུང་གིས་བུད་མེད་ལ་ཕྱིར་བསྐྱོད་ལམ་ཡིག་རེག་པའི་ཐོབ་ཐང་སྤྲད་དེ། རང་དབང་ངང་འགྲུལ་བསྐྱོད་བྱེད་ཆོག་པའི་ཐོབ་ཐང་སྤྲད་འདུག

ཟླ་༨་ཚེས་༢ཉིན། ཨ་རི་ཁྲིམ་ཕུ་སྲིད་གཞུང་གིས་ཨུ་རུ་སུ་དང་ཨ་རི་གཉིས་དབར་བཞག་པའི་མཚོན་ཆ་ཚོད་ལྟ་བྱེད་མི་ཆོག་པའི་གྲོས་ཆོད་ནས་དངོས་སུ་ཕྱིར་འཐེན་བྱས་འདུག

ཟླ་༨་ཚེས་༡༡་ཉིན། ཧོང་ཀོང་གི་བདུན་ཕྲག་ཐེངས་བཅུ་པའི་ངོ་རྒོལ་ཐོག ཉེན་རྟོག་པས་ངོ་རྒོལ་བ་ཚོར་མིག་ཆུ་དུག་རླུང་གཏོར་འདུག

ཟླ་༩་ཚེས་༣་ཉིན། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་དམག་སྤྱོད་མ་དངུལ་ཨ་སྒོར་དུང་ཕྱུར་༣.༦་སྲིད་འཛིན་ཁྲིམ་ཕུ་ཡིས་ཨ་རི་དང་མེ་སི་ཀོ་ས་མཚམས་འགག་སྒོ་གྱང་རྒྱག་པར་སྤྲད་ཡོད་འདུག

ཟླ་༩་ཚེས་༢༤་ཉིན། ཨ་རིའི་གྲོས་ཚོགས་གོང་མིའི་ཚོགས་གཙོ་ལྕམ་ཎ་སི་པོ་སི་མཆོག་གིས་སྲིད་འཛིན་ཁྲིམ་ཕུ་ཡི་ཁྲིམས་འགལ་དང་ཚུལ་མིན་གྱི་བྱ་སྤྱོད་ལ་དྲི་རྩད་བྱེད་འགོ་བརྩམས་འདུག

ཟླ་༡༠་ཚེས་༣༠་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁེ་ཉི་ཡ་ནང་དུ་ཆུ་ལོག་རྒྱུགས་ནས་མི་གྲངས་༢༩་ལྷག་གྲོངས་ཡོད་པ་དང་། མི་གྲངས་གཅིག་ཁྲི་བཞི་སྟོང་ལྷག་གནས་སྤོ་བྱེད་དགོས་བྱུང་བའི་སྙན་ཐོ་བཏོན་ཡོད་འདུག

ཟླ་༡༠་ཚེས་༣༡ཉིན། ཨེ་རག་དང་སི་རི་ཡའི་འཇིགས་སྐུལ་རིང་ལུགས་པས་ཁོ་ཚོའི་འགོ་ཁྲིད་བྷ་ཁི་ཌ་ཌི་འདས་གྲོངས་ཕྱིན་པ་དང་། འགོ་ཁྲིད་གསར་པ་ཨ་ལི་ཁུ་ར་ཤི་ཡིན་པའི་གསལ་བསྒྲགས་བྱས་འདུག

ཟླ་༡༡་ཚེས་༡་ཉིན། ཨུ་རུ་སུ་གཞུང་འབྲེལ་བཀའ་ཁྱབ་ཞིག་བཏང་བའི་ནང་དུ་། འཛམ་གླིང་རྒྱལ་ཁབ་གཞན་དང་མི་འབྲེལ་བའི་རང་དབང་ལྡན་པའི་དྲ་རྒྱ་ཞིག་འཛུགས་རྒྱུའི་ཁྲིམས་ཤིག་བཟོས་ཡོད་པ་དང་། ཁྲིམས་དེས་ཨུ་རུ་སུའི་རྒྱང་བསྲིངས་གནས་འབྲེལ་ལས་ཁུངས་ལ་ཕྱིའི་བརྒྱུད་ལམ་སྒོ་རྒྱག་ཆོག་པའི་ཐོབ་ཐང་སྤྲད་ཡོད་པ་རེད།

ཟླ་༡༡་ཚེས་༢༥་ཉིན། ཧོང་ཀོང་ནང་གི་འོས་བསྡུ་ཁྲོད་དུ་མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འོས་མི་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། རྫོང་ཁག་༡༨་ཡོད་པ་ནང་ནས་རྫོང་ཁག་༡༧་ལ་མང་གཙོ་རྒྱབ་སྐྱོར་བྱེད་མཁན་འོས་མིར་འོས་ཤོག་ཐོབ་ཡོད་འདུག

ཟླ་༡༡་ཚེས་༢༦་ཉིན། ཨ་རི་དང་རྒྱ་ནག་ཚོང་དམག་མུ་མཐུད་ནས་འགྲོ་བཞིན་ཡོད་པ་དང་། ཨ་རི་སྲིད་གཞུང་གིས་རྒྱང་བསྲིངས་གནས་འབྲེལ་དྲ་རྒྱ་སྲུང་སྐྱོབ་ཡོང་ཆེད་སྟངས་འཛིན་བྱེད་ཕྱོགས་ཐོག་ལམ་སྟོན་གསར་པའི་ཡིག་ཆ་བཏོན་ཡོད་འདུག ཨ་རི་གཞུང་གིས་ད་བར་རྒྱ་ནག་གི་ཚོང་རྫས་ལ་ཚོང་ཁྲལ་ཨ་སྒོར་དུང་ཕྱུར་༥༥༠་བརྒྱབ་ཡོད་པ་དང་། ད་དུང་སྤེལ་རྒྱུ་ཡིན་པར་བསྒྲགས་འདུག རྒྱ་གཞུང་གིས་ཨ་རིའི་ཚོང་རྫས་ལ་ཨ་སྒོར་དུང་ཕྱུར་༡༨༥་ཚོང་ཁྲལ་བརྒྱབ་ཡོད་པ་རེད། ཕྱི་རྒྱལ་གྱི་ཚོང་གཉེར་ཁང་མང་པོ་ཞིག་རྒྱ་ནག་ནས་ཐོན་ཏེ་ཨེ་ཤ་ཡ་དང་རྒྱལ་ཁབ་གཞན་པའི་ནང་སྤོས་ཐབས་བྱས་དང་བྱེད་བཞིན་ཡོད་འདུག

ཟླ་༡༡་ཚེས་༢༩་ཉིན། ཨེ་རབ་ནང་དུ་སྲིད་གཞུང་ལ་མི་མང་གིས་ཟླ་གཉིས་ལྷག་ངོ་རྒོལ་བྱེད་པར་བརྟེན་ནས། སྲིད་འཛིན་མ་ཧ་ཅི་སྲིད་གཞུང་ནས་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

ཟླ་༡༢་ཚེས་༤་ཉིན། ཉེ་སྔོན་བྱང་ཀོ་རི་ཡ་གཞུང་གིས་གོ་མཚོན་ཚོད་ལྟ་འདྲ་མིན་བྱས་ཡོད་དབང་གིས། ཨ་རི་དང་བྱང་ཀོ་རི་ཡ་གཉིས་དབར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།