25
Thu, Apr

ཡུའུ་ཀྲུབ་པུ(YouTube)དང་། ཁྲུས་ཝི་ཁྲི་(Twitter)། ངོ་དེབ(་Facebook)།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༢༣་ཉིན་སྤེལ། ཡུལ་གྲུབ་(YouTube)དང་། འཕྲུལ་སྒྲ་(Twitter)། ངོ་དེབ(་Facebook)་བཅས་ནས་རྒྱ་གཞུང་གིས་རྒྱབ་སྐྱོར་བྱེད་པའི་དྲ་ཚིགས་དང་། ངོ་དེབ་ཚོགས་པ། བརྒྱུད་ལམ་སྤྱོད་མཁན་སོགས་ཀྱིས་ཧོང་ཀོང་ནང་བྱུང་དང་འབྱུང་བཞིན་པའི་ངོ་རྒོལ་ཐོག་ལ་གནས་ཚུལ་རྫུན་མ་སྤེལ་མཁན་གྲངས་༡༠༠༠ལྷག་མེད་པ་བཟོས་ཡོད་འདུག

དེ་ཡང་། ཟླ་འདིའ་ཚེས་༢༢་ཉིན། གྷོ་གྷོ་ཡིས་བདག་ཏུ་བཟུང་བའི་ཡའུ་ཀྲུབ་པུ་ཡིའི་དྲ་ཚོགས་ཐོག་ནས་གནས་ཚུལ་སྤེལ་བའི་ནང་། ཡུལ་གྲུབ་ལས་ཁུངས་ནས་བདུན་ཕྲག་འདིའི་ནང་། ཡུལ་གྲུབ་བརྒྱུད་ལམ་བེད་སྤྱོད་བཏང་ནས། ཧོང་ཀོང་ནང་བྱུང་དང་འབྱུང་བཞིན་པའི་ངོ རྒོལ་ཐོག གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཁན་གྲངས་ ༢༡༠་སྒོ་བརྒྱབ་ཡོད་པར་གསལ་འདུག

ཉེ་སྔོན། འཕྲུལ་སྒྲ་དང་ངོ་དེབ་ཀྱིས་ཧོང་ཀོང་ནང་བྱུང་དང་འབྱུང་བཞིན་པའི་ངོ་རྒོལ་ཐོག གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཁན་རྣམས་སྒོ་བརྒྱབ་ཡོད་པ་རེད།

དེ་ཡང་། ཟླ་འདིའི་ཚེས་༡༩་ཉིན། འཛམ་གླིང་ནང་མི་མང་ཚོས་བེད་སྤྱོད་མང་ཤོས་དང་གནས་ཚུལ་སྤེལ་ས་ཆེ་ཤོས་ཀྱི་སྤྱི་ཚོགས་དྲ་ཚིགས་འཕྲུལ་སྒྲ་(Twitter)་ཡིས། རྒྱ་གཞུང་གིས་རྒྱབ་རྟེན་བྱེད་པའི་གནས་ཚུལ་རྫུན་མ་སྤེལ་མཁན་ཁྲུས་ཝི་ཁྲི་བེད་སྤྱོད་གཏོང་མཁན་ཁ་བྱང་༩༣༦་མེད་པ་བཟོས་ཡོད་ཅིང་། ད་དུང་རྒྱ་གཞུང་གིས་རྒྱབ་རྟེན་བྱེད་པའི་གནས་ཚུལ་རྫུན་མ་སྤེལ་མཁན་གྱི་དྲ་རྒྱ་ཁག་ཅིག་ཀྱང་བཀག་ཡོད་པར་བརྗོད་འདུག

དེ་བཞིན། སྤྱི་ཚོགས་དྲ་རྒྱ་ངོ་དེབ་ཀྱིས་ཀྱང་། རྒྱ་ནག་རང་ནས་ཡིན་པའི་རྒྱ་གཞུང་གིས་རྒྱབ་རྟེན་བྱེད་ཡོད་པའི་ངོ་དེབ་བེད་སྤྱོད་གཏོང་མཁན་ཁ་བྱང་༥་དང་། ངོ་དེབ་ཚོགས་པ་༣་། ངོ་དེབ་དྲ་རྒྱ་༧་བཅས་རྩ་མེད་བཏང་ཡོད་འདུག

རྒྱ་གཞུང་རྒྱབ་རྟེན་ཡོད་པའི་་དྲ་ཚིགས་དང་ངོ་དེབ་བེད་སྤྱོད་གཏོང་མཁན་གྱིས་ཧོང་ཀོང་ནང་ངོ་རྒོལ་བ་ནི་དྲག་སྤྱོད་པ་དང་། འཚེ་བ་བྱེད་མཁན་ཡིན་པའི་འཕྲིན་ཐུང་དང་། པར་རིས་དྲ་ལམ་ནས་འཁོར་བསྐྱོད་བྱེད་པ་ནི་དར་སྲོལ་ཞིག་ཆགས་ཡོད་ཅིང་། རྒྱ་ནག་རང་ནས་ཡིན་པའི་ཁྲུ་ཝི་ཁྲི་དང་ངོ་དེབ་བེད་སྤྱོད་གཏོང་མཁན་དེ་ཚོས། ཧོང་ཀོང་ནང་གི་ངོ་རྒོལ་ཚོ་ནི་འཇིགས་སྐུལ་རང་ལུགས་པ་ཡིན་སྐོར་དང་། ཧོང་ཀོང་ནང་ལ་ལྟ་མཁྲེགས་དེ་འདྲ་མི་དགོས། འདི་ནས་རྒྱུགས་ཤིག་ཅེས་སོགས་བྲིས་ཡོད་འདུག