20
Sat, Apr

སའི་གོ་ལ་ལོ་ངོ་༢༠སྔོན་ལས་ད་ལྟར་ལྗང་མདོག་ཅན་དུ་གྱུར་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢ཚེས་༡༨ཉིན་སྤེལ། མཁའ་དབྱིངས་ཞིབ་འཇུག་ཚོགས་པ་ནཱ་སཱ(NASA)ཡིས་སྙན་ཐོ་བཏོན་པའི་ནང་། ས་གོ་ལའི་སྟེང་དུ་ལོ་ངོ་༢༠སྔོན་ལས་ད་ལྟར་ལྗང་མདོག་དང་རྩི་ཤིང་མང་དུ་སོང་ཡོད་པ་དང་། དེ་ནི་རྒྱ་གར་དང་རྒྱ་ནག་གིས་ཤིང་སྡོང་ས་ཡ་མང་པོ་བཏབས་པ་ལ་བརྟེན་ནས་བྱུང་ཡོད་པ་བརྗོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༢ཉིན་མཁའ་དབྱིངས་ཞིབ་འཇུག་ཚོགས་པ་ནཱ་སཱ(NASA)་ཀྱིས་མིས་བཟོས་འཁོར་སྐོརརྒྱུད་ནས་བཏོན་གནང་པའི་སྙན་ཐོའི་ནང་། འཛམ་གླིང་གི་ས་ཁྲ་ནང་དུ་སའི་གོ་ལ་ནི་ལོ་ངོ་༢༠སྔོན་ལས་ད་ལྟར་ལྗང་མདོག་ཏུ་གྱུར་ཡོད་པ་བཀོད་འདུག ཉམས་ཞིབ་བྱས་ནས་སྙན་ཐོ་བཏོན་པ་ལྟར་ན། འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ཤིང་སྡོང་འདེབས་འཛུགས་བྱས་ཏེ་ལྗང་མདོག་ཅན་གྱི་ས་གཞི་ཞིག་བསྐྲུན་པའི་ཕྱོགས་སུ་འགྲོ་བ་བཞིན་ཡོད་པ་རེད་འདུག དེ་ནི་གཙོ་བོར་ཤིང་སྡོང་འདེབས་འཛུགས་བྱེད་པའི་ལས་གཞི་རྒྱ་ཆེན་པོ་ཞིག་འགོ་འཛུགས་གནང་ནས་བྱུང་བའི་གྲུབ་འབྲས་ཤིག་ཡིན་འདུག ༢༠༡༧ལོའི་ནང་རྒྱ་གར་ནང་དང་བླངས་ཁག་ཅིག་གིས་ཆུ་ཚོད་༡༢་ཀྱི་ནང་ཚུད་དུ་ཤིང་སྡོང་ས་ཡ་༦༦་བཏབས་ནས་འཛམ་གླིང་ནང་ཤིང་སྡོང་མང་ཤོས་བཏབས་པའི་རྒྱལ་ཁབ་དེ་ཡིན་པའི་ཐོ་འགོད་གསར་པ་བྱས་ཡོད་འདུག

༡༩༩༠་ལོ་ནས་བཟུང་། མིས་བཟོས་འཁོར་སྐོར་རྒྱུད་ནས་འཛམ་གླིང་ལྗང་མདོག་ཏུ་འགྱུར་བའི་ཐད་ནས་ཉམས་ཞིབ་བྱས་ཡོད་ཅིང་། ད་ལོའི་སྙན་ཐོ་འདི་ནི་ལོ་ངོ་ཉི་ཤུ་རིང་གི་བརྟག་དཔྱད་བྱས་ནས་ཐོན་པའི་གྲུབ་འབྲས་ཤིག་ཡིན་འདུག དེས་ཉམས་ཞིབ་པ་ཚོར་འཛམ་གླིང་གི་འཁོར་ཡུག་ཐོག་ལ་གནས་ཚུལ་ཅི་ཞིག་འབྱུང་བཞིན་ཡོད་པའི་བརྟག་དཔྱད་བྱེད་པར་ཕན་ཐོགས་བྱུང་ཡོད་འདུག

ད་ལོ་དང་༢༠༠༠ལོ་གཉིས་བསྡུར་ན། ད་ལོར་སའི་གོ་ལའི་སྟེང་དུ་ལྗང་མདོག་གི་ཤིང་སྡོང་མང་དུ་ཕྱིན་ཡོད་པ་དང་། དེ་ནི་བརྒྱ་ཆ་༥་ཡིས་འཕེལ་རྒྱས་སུ་ཕྱིན་ཡོད་འདུག

རྒྱ་གར་དང་རྒྱ་ནག་ལ་སའི་གོ་ལའི་ལྗང་མདོག་རྩི་ཤིང་གི་བརྒྱ་ཆའི་གསུམ་ཆ་གཅིག་ཡོད་པ་རེད། འོན་ཀྱང་། འཛམ་གླིང་གི་ས་གཞིའི་བརྒྱ་ཆ་དགུ་ཙམ་ལ་མ་གཏོགས་ལྗང་མདོག་གིས་ཁྱབ་མེད།

མཁའ་དབྱིངས་ཞིབ་འཇུག་ཚོགས་པ་ནཱ་སཱའི(NASA)་ཞིབ་འཇུག་པས་འགྲེལ་བརྗོད་བྱེད་སྟངས་ལྟར་ན། བརྟག་དཔྱད་བྱས་པ་རྒྱུད་ནས་སའི་གོ་ལའི་སྟེང་དུ་རྩི་ཤིང་མང་དུ་ཕྱིན་པ་རྟོགས་དུས། ང་ཚོས་འཛམ་གླིང་གིས་ཚ་དྲོད་འཕེལ་བར་བརྟེན་ནས་རྩི་ཤིང་འཕེལ་རྒྱས་ཕྱིན་པར་ངོ་འཛིན་བྱས་ཡོད་རུང་། འོན་ཀྱང་། དེ་འདྲའི་འབྱུང་བའི་རྒྱུ་རྐྱེན་ནི་ཉུང་ཉུང་རེད་འདུགདེར་བརྟེན། འགྲོ་བ་མིས་དེར་ཞལ་འདེབས་སམ་ཤུགས་རྐྱེན་སྤྲོད་བཞིན་ཡོད་འདུག

རྒྱ་ནག་གིས་ཁྱོན་སའི་གོ་ལའི་རྩི་ཤིང་གི་བརྒྱ་ཆ་༤༢་ཀྱི་ནགས་ཚལ་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་ཡོད་འདུག གཞན་རྒྱ་གར་ནང་བརྒྱ་ཆ་༣༢་ནས་༨༢་ཀྱི་ལྗང་ཁུ་མཐོང་གི་ཡོད་པ་དང་། དེ་ནི་ཞིང་ཁ་རྒྱ་ཆེན་པོ་འདེབས་ཀྱི་ཡོད་པའི་རྐྱེན་ཡིན་པར་བརྗོད་འདུག

ཉམས་ཞིབ་པ་དེ་ཚོས་རྒྱ་གར་དང་རྒྱ་ནག་གཞི་བཞག་ཐོག་འཛམ་གླིང་ནང་ལྗང་མདོག་མང་དུ་ཕྱིན་ཡོད་པ་མཐོང་ཡོད་རུང་། བྷེར་ཙི(Brazil)དང་། ཨིན་རྡི་ནི་ཤུ་ཡ(Indonesia)ལྟ་བུའི་སའི་གོ་ལའི་ཚ་ཁུལ་གྱི་ཡུལ་གྲུ་ཁག་ཏུ་རང་བྱུང་གི་རྩི་ཤིང་དང་ལྗོན་པའི་རིགས་རྩེ་མེད་དུ་འགྱུར་བ་དེར་ཁ་གསབ་ཅང་བྱས་མི་འདུག་ཀྱང་། སྤྱིའི་ཡོངས་ནས་ཐེངས་འདིའི་ཞིབ་འཇུག་གི་གྲུབ་འབྲས་ལས་བཟང་ཕྱོགས་ཀྱི་རྣམ་པ་ཞིག་མཐོང་གིན་ཡོད་འདུག མི་མང་ཚོས་དེར་དཀའ་ངལ་ཡོད་པ་རྟོགས་དུས། ཁོ་ཚོས་དེར་བཅོས་ཐབས་བྱེད་ཀྱི་རེད།དཔེར་ན། ༡༩༧༠་དང་༡༩༨༠་ལོའི་ནང་རྒྱ་གར་དང་རྒྱ་ནག་ནང་སྔོ་རིགས་གྱོང་གུད་མང་པོ་བྱུང་ཡོད། ༡༩༩༠ལོའི་ནང་མི་མང་ཚོས་དེའི་རྒྱུ་རྐྱེན་རྟོགས་ནས་དེང་སང་སྔོ་རིགས་ཡར་རྒྱས་ཕྱིན་ཡོད། དེར་བརྟེན། མི་ནི་ངོ་མཚར་ཅན་རེད། དེ་འདྲ་ཡིན་དུས་ང་ཚོས་མིས་བཟོས་འཁོར་སྐོར་ལས་གནས་ཚུལ་དེ་ཚོ་མཐོང་བ་རེད་ཅེས་བརྗོད་འདུག

ཡོངས་ཁུངས། མཁའ་དབྱིངས་ཞིབ་འཇུག་ཚོགས་པ་ནཱ་སཱ(NASA Ames))