20
Sat, Apr

བོད་ནི་འཛམ་གླིང་ནང་རང་དབང་ཆུང་ཤོས་ཡིན་པའི་རྒྱལ་ཁབ་ཡིན་པ་བཀོད་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢ཚེས་༨ཉིན་སྤེལ། རྒྱལ་སྤྱིའི་རང་དབང་ཁང་གིས་༢༠༡༩ལོའི་མི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར་ནས་བཏོན་པའི་སྙན་ཐོ་ནང་བོད་ནི་འཛམ་གླིང་ནང་རང་དབང་ཆུང་ཤོས་ཡིན་པའི་རྒྱལ་ཁབ་དེ་ཡིན་པ་བཀོད་ཡོད་འདུག མི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་གི་ཐད་ནས། སི་རི་ཡ་ལ་ཨང་ཀླད་ཀོར་སྤྲད་ཡོད་པ་དང་། བོད་ལ་ཨང་དང་པོ། ཡེ་རི་ཁྲི་ཡ་ལ་ཨང་གཉིས་པ། བྱང་ཀོ་རི་ཡ་ལ་ཨང་གསུམ་པ། རྒྱ་ནག་ལ་ཨང་༡༡་དང་རྒྱ་གར་ལ་ཨང་༧༥་བཅས་སྤྲད་འདུག

དེ་ཡང་ཨ་རིར་བརྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་རང་དབང་ཁང་གིས་(Freedom House)བཏོན་པའི་༢༠༡༩ལོའི་སྙན་ཐོའི་ནང་དུ་བོད་ནི་འཛམ་གླིང་ནང་རང་དབང་ཆུང་ཤོས་ཡིན་པའི་རྒྱལ་ཁབ་དེ་ཡིན་པ་བཀོད་ཡོད་འདུག རྒྱལ་སྤྱིའི་རང་དབང་ཁང་གིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་ལེགས་ཉེས་ལ་གཞིགས་ནས་ཨང་རིམ་༡་ནས་༡༠༠་བར་གྱི་ཨང་གྲངས་སྤྲད་ཡོད་ཅིང་། ཨང་གྲངས་༡་ནི་རང་དབང་དང་ཆབ་སྲིད་ཐོབ་ཐང་སྡུག་ཤོས་དང་ཨང་གྲངས་༡༠༠་ནི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཡག་ཤོས་ཡོད་པའི་རྒྱལ་ཁབ་དེར་སྤྲད་ཡོད་པ་རེད།

སི་རི་ཡ་རྒྱལ་ཁབ་ལ་ཨང་གྲངས་ཀླད་ཀོར་སྤྲད་ཡོད་པ་དང་། མི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཆེས་སྡུག་ཤོས་དེ་ཡིན་པ་དང་། བོད་ལ་ཨང་གྲངས་གཅིག་སྤྲད་ཡོད་འདུག བོད་ནང་མི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་སྡུག་ཤོས་དེ་ཡིན་པ་བཀོད་འདུག དེ་བཞིན་ཡེ་རི་ཁྲི་ཡ་ལ་ཨང་གཉིས་པ། བྱང་ཀོ་རི་ཡ་ལ་ཨང་གསུམ་པ། སོག་པོར་ཨང་༨༥་དང་ཨ་རིར་ཨང་༨༦། རྒྱ་ནག་ལ་ཨང་༡༡་དང་རྒྱལ་གར་ལ་ཨང་༧༥་བཅས་ཡིན་འདུག

༢༠༡༩ལོའི་ནང་འཛམ་གླིང་ནང་གི་རང་དབང་ཞེས་པའི་སྙན་ཐོའི་ནང་། ༢༠༡༨ལོའི་ནང་རྒྱབ་ཁབ་༡༩༥་དང་ས་ཁུངས་༡༤་ མི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཞིབ་འཇུག་བྱས་ནས་སྙན་ཐོ་བཏོན་ཡོད་པ་རེད།