14
Thu, Nov

འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་ཚད་མྱུར་བའི་རྒྱལ་ཁབ་ཁག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡ཚེས་༢༡ཉིན། རྒྱ་ནག་གཞུང་གིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ། ༢༠༡༨ལོའི་ནང་དུ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་ནི་བརྒྱ་ཆའི༦.༦་ཡིན་འདུག་པ་དང་། དེ་ནི་༡༩༩༠ལོ་ནས་བཟུང་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དམའ་ཤོས་དེ་སླེབས་ཡོད་འདུག

རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་སྐོར་གྱི་གནས་ཚུལ་ཐོན་རྗེས། རྒྱལ་སྤྱིའི་ཐོག་མཁས་དབང་མང་པོ་ཞིག་གིས་སྔོན་ནས་ཚོད་དཔག་བྱས་ཡོད་པ་ལྟར་བྱུང་ཡོད་འདུག དེ་ནི་ཨ་རི་དང་རྒྱ་ནག་གི་ཚོང་དམག་བྱུང་དང་འབྱུང་བཞིན་པའི་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་པར་བརྗོད་བཞིན་འདུག

༢༠༡༨ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཚད་ནི་༢༠༡༧ལོ་ལས་བརྒྱ་ཆའི༠.༢་ཀྱིས་མར་ཆགས་ཡོད་འདུག

སྤྱིར་རྒྱ་ནག་གི་དཔལ་འབྱོར་ནི་འཛམ་གླིང་ནང་ཨང་རིམ་གཉིས་པར་སླེབས་ཡོད་རུང་། ཕྱི་རྒྱལ་གྱི་མཁས་དབང་མང་པོ་ཞིག་གིས་རྒྱུན་རིང་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་སྙན་ཐོ་བཏོན་པ་དེ་ནི་བདེན་པ་ཞིག་ཡིན་མིན་གྱི་ཐད་ལ་དོགས་འཆར་གནང་གི་ཡོད་འདུག

རྒྱ་ནག་རྣམ་གྲངས་རིག་པའི་ལས་ཁུངས་ཀྱི་འགོ་འཛིན་གྱིས་དེ་རིང་འགྲེལ་བརྗོད་བྱེད་པར་ལྟར་ན། རྒྱ་ནག་གིས་ཨ་རི་དང་མཉམ་དུ་ཚོང་དམག་བརྒྱབ་ཏེ་རྒྱལ་ནང་གི་དཔལ་འབྱོར་གྱི་ཐད་ལ་ཤུགས་རྐྱེན་ཐེབས་ཡོད་རུང་། ཤུགས་རྐྱེན་དེ་སེལ་ཐུབ་པའི་སྐོར་དང་། འདས་པའི་ཟླ་གཉིས་ཀྱི་རིང་ལ་རྒྱ་ནག་གི་དཔལ་འབྱོར་རིམ་གྱིས་ཇེ་བརྟན་དུ་འགྲོ་བཞིན་ཡོད་སྐོར་ཡང་བརྗོད་འདུག རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ནི་ཨ་རི་དང་ཚོང་དམག་མ་རྒྱབ་གོང་ནས་ཉམས་འགོ་བཙུགས་ཡོད་པ་དང་། ཨ་རི་དང་ཚོང་དམག་བརྒྱབ་རྗེས་དེ་ལས་ཉམས་རྒུད་ཕྱིན་ཡོད་པར་བརྗོད་ཀྱིན་འདུག

དེར་བརྟེན། རྒྱལ་ཁབ་གཉིས་ཀྱིས་ཚོང་འབྲེལ་ཐོག་གྲོས་མོལ་བྱེད་རྒྱུའི་ཐབས་ཤེས་གཏོང་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་༣༠ཉིན། རྒྱ་ནག་གི་སྐུ་ཚབ་ཨ་རིར་ཚོང་འབྲེལ་གྲོས་མོལ་ཆེད་དུ་ཕེབས་འཆར་ཡོད་འདུག

རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩ་ཚོགས་པ་ཡིས་འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པ་དང་མ་འོང་བར་འགྲོ་བའི་ཚོད་དཔག་བྱེད་པའི་རྒྱལ་ཁབ་ཁག་གི་ནང་དུ་རྒྱ་གར་ནི་འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་འགྲོ་མྱུར་ཤོས་དང་དེ་ནས་རྒྱ་ནག དེ་བཞིན་ཨ་རི་དང་ཡུ་རོ་མཉམ་འབྲེལ་མཐུན་ཚོགས་བཅས་ཡིན་པ་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།