20
Sat, Apr

༢༠༡༩ལོའི་ཟླ༡ཚེས་༨ཉིན་བྱང་ཀོ་རིའི་ཡའི་དབུ་འཛིན་ཀིམ་ཇོན་ཨོན་རྒྱ་ནག་དུ་ཕེབས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡ཚེས་༨ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་མགྲོན་ཤོག་བཏང་སྟེ། བྱང་ཀོ་རིའི་དབུ་འཛིན་ཀིམ་ཇོན་ཨོན་ཉིན་གསུམ་གྱི་རིང་རྒྱ་ནག་དུ་གཟིགས་སྐོར་ཕེབས་ཡོད་པ་དང་དེ་ནི་ཁོང་རྒྱ་ནག་ལ་ཕེབས་པ་ཐེངས་བཞི་པ་དེ་ཡིན་འདུག

ཐེངས་འདིར་ཀིམ་ཇོན་ཨོན་རྒྱ་ནག་ལ་གཟིགས་སྐོར་ཕེབས་བ་དང་ཁོང་གི་སྐྱེས་སྐར་ལ་འཁེལ་ཡོད་པར་མ་ཟད། ཨ་རི་དང་རྒྱ་ནག་གི་གྲོས་མོལ་བྱེད་མཁན་རྣམས་ཀྱིས་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དམག་འཐབ་ཉེན་ཚབ་ཉུང་རུ་གཏོང་ཐབས་བྱེད་བཞིན་པའི་སྐབས་ཤིག་ཀྱང་ཡིན་འདུག

བྱང་ཀོ་རི་ཡའི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། དབུ་ཁྲིད་ཀིམ་ཇོན་ཨོན་དང་ཁོང་བཟའ་ཟླ་གཉིས་གཟའ་ཟླ་བ་ཉིན་གུང་ཙམ་ནས་བྱང་ཀོ་རིའི་རྒྱལ་ས་ཕོན་ཡངས་ནས་ཕེབས་ཐོན་གནང་ཡོད་པ་དང་། ཁོང་དང་ལྷན་དུ་ཀིམ་ཡོན་ཆོ་གཙོ་བྱས་པའི་མཐོ་རིམ་ཕྱི་འབྲེལ་མི་སྣ་སོགས་ཕེབས་ཡོད་པ་དང་། ཀིམ་ཡོན་ཆོ་ནི་ཨ་རི་དང་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱེད་མཁན་གལ་ཆེན་ཞིག་ཡིན་འདུག

ཐེངས་འདིའི་གཟིགས་སྐོར་ནི་ཀིམ་ཇོ་ཨོན་རྒྱ་ནག་ནང་ཕེབས་པ་ཐེངས་བཞི་པ་དེ་ཆགས་ཡོད་པ་དང་། ཐེངས་དང་པོ་དེ་༢༠༡༨ལོའི་ཟླ་༣པའི་ནང་ཡིན་ཞིང་། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཐེངས་གཉིས་པའི་གྲོས་མོས་ཚོགས་རྗེས་དེ་ཡིན་འདུག རྒྱ་ནག་ནི་བྱངཀོ་རི་ཡའི་མཛའ་མཐུན་གྲོགས་པོ་ཐག་ཉེ་ཤོས་དེ་ཡིན་པར་མ་ཟད། ཚོང་འབྲེལ་གྱི་གྲོགས་པོ་གལ་ཆེས་ཤོས་དེ་ཡང་ཡིན་འདུག

ཀིམ་ཇོ་ཨོན་ཐེངས་སྔོན་མ་རྒྱ་ནག་ལ་ཕེབས་དུས། ཁོང་དང་ཨ་རི་སྲིད་འཛིན་གཉིས་སི་གྷ་པུར་མཇལ་ཕྲད་བྱུང་རྗེས་དེ་ཡིན་པ་དང་། ཁྲོམ་ཕུ་དང་ཀིམ་ཇོ་ཨིན་གཉིས་ཀྱིས་གྲོས་མོལ་ཐེངས་གཉིས་པ་དེ་མུ་མཐུད་བཞིན་ཡོད་པ་དང་། དེའི་སྐོར་ཐེངས་འདིའི་གཟིགས་སྐོར་དེ་ནང་རྒྱ་ནག་སྲིད་འཛིན་དང་ཀིམ་ཇོ་ཨོན་གཉིས་དང་། དེ་བཞིན་དབུ་ཁྲིད་ཚོས་གླེང་མོལ་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་ཆགས་ཡོད་སྲིད་པ་བརྗོད་འདུག