19
Fri, Apr

ཨ་རི་དང་རྒྱ་ནག་གཉིས་བར་ལོ་བཅུ་བཅོ་ལྔའི་ནང་དམག་འཁྲུག་འབྱུང་སྲིད་ཟེར།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཨ་རིའི་དམག་དཔོན་ཟུར་པ་ཧོ་ཇི་སུས་ཨ་རི་དང་རྒྱ་ནག་གཉིས་བར་ཉེ་བའི་ལོ་༡༥་ཡི་ནང་དུ་དམག་འཁྲུག་འབྱུང་སྲིད་པའི་སྐོར་བཤད་འདུག་ཅིང་། ཁོང་གིས་”ངས་ལྟོས་ན་ལོ་༡༥་ཡི་ནང་ང་ཚོ་(ཨ་རི་)དང་རྒྱ་ནག་གཉིས་བར་དམག་འཁྲུག་ཡོང་གི་བསམ་གྱི་འདུག དེ་ནི་ཡོང་མི་སྲིད་པ་ཞིག་མ་རེད།”་ཅེས་བརྗོད་འདུག

དེ་ཡང་༢༠༡༨ལོའི་ཟླ་༡༠ཚེས་༢༥ཉིན། ཨ་རིའི་དམག་གྲུ་ཁག་རྒྱ་ནག་མཚོ་ལྷོ་རྒྱུད་ནས་ཕྱིན་པར་རྒྱ་ནག་པེ་ཅིང་ལ་དངངས་འཚབ་ཆེན་པོ་སྐྱེས་སུ་བཅུག་ཡོད་པ་དང་། རྒྱ་གཞུང་གི་བདེ་སྲུང་བློན་ཆེན་གྱིས་ལམ་སང་རྒྱ་ནག་གིས་རྒྱ་ནག་མཚོ་ལྷོ་དང་ཐེ་ཝན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་དམག་གིས་གང་ཡང་བྱེད་སྲིད་པའི་ཉེན་བརྡ་བཏང་འདུག

རྒྱ་ནག་བདེ་སྲུང་བློན་ཆེན་གྱིས་གལ་སྲིད་སུས་ཐེ་ཝན་རྒྱ་ནག་ནས་ཁ་བྲལ་ཐབས་བྱེད་ཚེ། རྒྱ་དམག་གིས་གང་ལའང་མི་འའཛེམ་པར་དམག་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་དང་། ཁོས་རྒྱ་ནག་དམག་དོན་དང་ཨ་རི་འབྲེལ་བ་ནི་ཧ་ཅང་གལ་ཆེན་དང་ཚོར་བ་རྣོན་པོ་རེད། དེའི་སྒང་ལ་ཐེ་ཝན་ནི་གཙོ་བོ་ཆགས་བསྡད་ཡོད། ཕྱིའི་ཕྱོགས་རྒྱལ་ཁབ་ནས་རྒྱ་ནག་གི་ལྷོ་རྒྱ་མཚོར་བཙན་འཛུལ་གང་བྱེད་རུང་ཁ་གཏད་བྱ་རྒྱུ་ཡིན་པ་ཞེས་བརྗོད་འདུག

ཨ་རི་ཡིས་ཉེ་ཆར་རྒྱ་ནག་ལ་དམག་དོན་ཉེས་ཆད་བཏང་ཡོད་པ་དང་། དེང་སང་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཡང་ཚབ་ཆེན་ཆགས་ཡོད་པ། དེའི་ཐོག་ལ་ཨ་རིས་ཐེ་ཝན་ཕྱོགས་སུ་བྱེད་པ་དང་ལྷག་པར་དུ་རྒྱ་ནག་གི་ལྷོ་རྒྱ་མཚོ་ནང་ལ་ཨ་རིའི་དམག་གི་གནོད་ཤུགས་སླེབས་པ་སོགས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཉེས་ཚབས་ཆེན་པོ་ཆགས་ཡོད་སྐོར་བརྗོད་ཀྱིན་འདུག

ཨ་རིའི་དམག་དཔོན་ཟུར་པ་ཧོ་ཇི་སུས་ཨ་རི་དང་རྒྱ་ནག་གཉིས་བར་ཉེ་བའི་ལོ་༡༥་ཡི་ནང་དུ་དམག་འཁྲུག་འབྱུང་སྲིད་པའི་སྐོར་བཤད་འདུག་ཅིང་། ཁོང་གིས་”ངས་ལྟོས་ན་ལོ་༡༥་ཡི་ནང་ང་ཚོ་(ཨ་རི་)དང་རྒྱ་ནག་གཉིས་བར་དམག་འཁྲུག་ཡོང་གི་བསམ་གྱི་འདུག དེ་ནི་ཡོང་མི་སྲིད་པ་ཞིག་མ་རེད།”་ཅེས་བརྗོད་འདུག

ཁོང་གིས་ཡང་བསྐྱར་བརྗོད་དོན། ཨ་རི་ཡིས་ཡོ་རབ་ནང་གང་བྱེད་པ་བཞིན་ཞི་བདེའི་རྒྱ་མཚོའི་ནང་དེ་ལྟར་བྱེད་ཐུབ་པའི་ནུས་པ་མེད། གང་ཡིན་ཟེར་ན་ཞི་བདེའི་རྒྱ་མཚོ་ནང་དུ་རྒྱ་ནག་གི་གནོད་ཤུགས་ཡོད། དེར་བརྟེན། ཉེ་བའི་ལོ་༡༠་དང་༡༥་ནང་དུ་ང་ཚོས་ཞི་བདེའི་རྒྱ་མཚོ་ནང་དུ་དམག་འཁྲུག་རྒྱག་གི་རེད། ཉེ་ཆར་ཨ་རིའི་མཚོ་དམག་དང་རྒྱ་ནག་གི་དམག་འཕྲུལ་རྣམས་ཞི་བདེའི་རྒྱ་མཚོ་ནང་དུ་བཞག་པ་ནི་རྒྱལ་ཁབ་གཉིས་བར་དཀའ་ངལ་དང་དངངས་འཚབ་ཆེ་རུ་འགྲོ་བ་དང་འགྲན་སྡུར་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་ཐེ་ཝན་ནི་རྒྱ་ནག་གི་ས་ཁུངས་ཤིག་ཡིན་པའི་འཁྱོག་བཤད་བྱེད་བཞིན་ཡོད་པ་དང་། ༢༠༡༦ལོར་ཐེ་ཝན་གྱི་སྲིད་འཛིན་ཚད་ཡིས་ཝིན་སྲིད་འཛིན་ཆགས་པ་ནས་བཟུང་ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་སྡུག་དུ་ཕྱིན་ཡོད། ཐེ་ཝན་ནི་མང་གཙོ་རྒྱལ་ཁབ་ཅིག་ཡིན་པ་དང་། ཨ་རི་ཐེ་ཝན་རྒྱབ་ཕྱོགས་སུ་ལངས་ཡོད་པས་རྒྱ་ནག་གིས་གང་འདོད་བཞིན་བྱེད་ཐུབ་གྱི་མེད་པ་རེད།