23
Tue, Apr

༢༠༡༨ལོའི་ཟླ་༦ཚེས་༡༤ཉིན་༧གོང་ས་མཆོག་དང་་ལེ་ཐུ་ཎེ་ཡའི་གྲོས་ཚོགས་འཐུས་མི་མཇལ་འཕྲད་གནང་སྐབས། པར། Aušrinė Armonaitė

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་དོན་རྒྱབ་སྐྱོར་བ་མཱོ་ཎེ་ཀཱ་ཎ་ཝེ་ཁེ་ཡིས། ཐུག་འཕྲད་ཀྱི་གོ་སྐབས་འདི་བརྒྱུད་ནས་རྒྱ་གཞུང་ལ་བོད་ཀྱི་ཛ་དྲག་གི་གནད་དོན་གླེང་སློང་བྱེད་དགོས་པའི་འབོད་སྐུལ་གནང་འདུག

དེ་ཡང་༢༠༡༨ལོའི་ཟླ༨ཚེས་༢༢ཉིན་གནས་ཚུལ་སྤེལ་བ་ལྟར་ན། ལེ་ཐུ་ཎེ་ཡའི་གྲོས་ཚོགས་འཐུས་མི་ལྔ་བོད་ནང་སྐོར་བསྐྱོད་འགྲོ་འཆར་དང་། དེ་ནས་བོད་ཀྱི་ས་གནས་འཐུས་མི་ཚོར་ཐུག་འཕྲད་གནང་སྟེ། ས་གནས་མི་མང་རྣམས་ཀྱི་གནས་སྟངས་སྐོར་གླེང་རྒྱུ་ཡིན་འདུག

དུས་མཚུངས་སུ། ལེ་ཐུ་ཎེ་ཡའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་གསུང་དོན། ལེ་ཐུ་ཎེ་ཡའི་ཆབ་སྲིད་པ་ཚོ་བོད་ནང་ལྟ་སྐོར་འགྲོ་བ་ནི་བོད་འདི་རྒྱ་ནག་གི་བཀའ་ཁྱབ་འོག་ཏུ་ཡོད་པ་ཁས་ལེན་དང་ར་སྤྲོད་བྱེད་ཀྱི་འདུག ཅེས་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག

དེ་ནས། གྲོས་ཚོགས་འཐུས་མི་བྷུ་ཁཱེ་ཝཱེ་སེས་གསུང་དོན། སྐུ་ཚབ་ཚོས་བོད་ནང་སྐོར་བསྐྱོད་སྐབས་སུ་བོད་ཀྱི་གནས་ཚུལ་མང་པོ་ཞིག་རྟོགས་ཐུབ་པ་དང་ཚོགས་འདུ་ཞོར་ལ་བོད་ཀྱི་གནད་དོན་གླེང་གི་རེད་བསམ། གང་ཡིན་ཟེར་ན་༧གོང་ས་ཆེན་པོ་མཆོག་ལོ་འདིའི་ཟླ་༦ནང་ལེ་ཐུ་ཎེ་ཡ་ནང་ཕེབས་སྐབས་དེ་དང་འབྲེལ་བའི་གནས་ཚུལ་གསུངས་སོང་། ཅེས་འཁོད་འདུག

གཞན་ཡང་། ལེ་ཐུ་ཝེ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགོ་འཛིན་ཝཱེ་ཌེས་ཝཱེ་ཌོ་ཎ་ཡིས་ལེ་ཐུ་ཝེ་ཡའི་བྷ་ཎ་སུ་གསར་ཁང་དུ་བརྗོད་དོན། འཐུས་མི་རྣམས་སྒེར་སྡོམ་སྲིད་གཞུང་དང་ཐུག་འཕྲད་བྱེད་པ་ནི་རྒྱ་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་པ་དངོས་གསལ་རེད་བཅས་དང་།

ཡང་། བོད་དོན་རྒྱབ་སྐྱོར་བ་མཱོ་ཎེ་ཀཱ་ཎ་ཝེ་ཁེ་ཡིས། ཐུག་འཕྲད་ཀྱི་གོ་སྐབས་འདི་བརྒྱུད་ནས་རྒྱ་གཞུང་ལ་བོད་ཀྱི་ཛ་དྲག་གི་གནད་དོན་གླེང་སློང་བྱེད་དགོས་པའི་འབོད་སྐུལ་གནང་འདུག་པ་དང་། གལ་སྲིད་ཁོང་ཚོ་བཟང་རབས་རྐྱང་བཤད་རྒྱུའི་ཆེད་དུ་འགྲོ་བ་ཡིན་ན་ཐེངས་འདི་སྐོར་བསྐྱོད་ལ་ཁེ་ཕན་དང་དོན་སྙིང་གང་ཡང་མེད། ཅེས་གསུངས་འདུག