18
Thu, Apr

སྨན་རྫུན་དང་བྱིས་པའི་ཚེ་སྲོག་ལ་གཉེན་ཁ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཉེ་ཆར་རྒྱ་ནག་ནང་དུ་སྨན་རྫུན་མ་བཟོས་ཡོད་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་ལྷག་པ་དུ་ཕྲུག་གུ་ཆུང་ཆུང་ལ་རྒྱག་པའི་སྨན་ཁབ་རྫུན་མ་བཟོས་ནས་བྱིས་པ་མང་པོ་ཚེ་སྲོག་ལ་གཉེན་ཁ་ནང་དུ་ལྷུང་ཡོད་པ་རེད་འདུག

དེར་བརྟེན། རྒྱ་ནག་འཕྲོད་བསྟེན་སྟངས་འཛིན་བྱེད་པོས་༢༠༡༨ལོའི་ཟླ་༧ཚེས༣༠ཉིན་གསལ་བསྒྲགས་སྤེལ་བའི་ནང་། རྒྱལ་ནང་གི་སྨན་ཁང་ཚང་མས་ངེས་པ་དུ་འཕྲོད་བསྟེན་ཁང་དེ་ལ་མཉམ་སྦྲེལ་བྱེད་དགོས་པ་དང་ཀྲི་ལྕམ་ཧ་ཁད་སྨན་མཉམ་ཚོགས་(སྨན་རྫུན་ཚོང་མཁན་མཉམ་ཚོགས)་ནས་སྨན་རིགས་གང་ཡང་ཉོ་མི་ཆོག་བརྗོད་འདུག

གནས་ཚུལ་འདི་ཟླ་༧་ཚེས་འགོ་ཙམ་ལ་རྒྱ་ནག་སྨན་ཚོང་ཁང་ཞིག་གིས་ཨ་རིར་སྨན་བཙོང་ཡོད་པ་དེར་ཡོ་རབ་སྨན་རྫས་ལས་ཁུང་ནས་སྨན་དེ་དག་གི་ནང་སྐྲན་ནད་ན་བའི་རྫས་རིགས་ཡོད་པ་རྙེད་ཡོད་པ་རེད་འདུག དེ་འདྲ་སོང་ཙམ། ཕྱི་རྒྱལ་དུ་་བཙོངས་བའི་སྨན་རྫུན་རྣམས་སུར་རྒྱ་ནག་དུ་ཕྱིར་འཐེན་བྱས་ཡོད་པ་རེད་འདུག

ཉེ་སྔོན་དུའང་། རྒྱ་ནག་ནང་དུ་སྨན་བཟོ་ཁང་ཞིག་གིས་བྱིས་པ་ལ་སྨན་ཁབ་རྫུན་མ་རྒྱབ་ནས་བྱིས་པ་མང་པོ་སྲོག་ལ་གཉེན་ཁ་བཟོས་ཡོད་པ་དང་། ཉེན་རྟོགས་པས་སྨན་ཁབ་རྫུན་མ་བཟོ་མཁན་མང་པོ་འཛིན་བཟུང་བྱས་ཡོད་པ་རེད་འདུག
གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་ནང་སྨན་རྫུན་མ་བཟོ་མཁན་དང་སྨན་རྫུན་མང་པོ་ཡོད་པ་དང་། དེ་དག་བརྟག་དཔྱད་བྱེད་བཞིན་པ་རེད་འདུག