19
Fri, Apr

ཨུ་པུར་ཚང་གི་མཁའ་འགྲུལ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

མཐོ་ཚད་ངེས་ཅན་ཞིག་ལ་ཐོན་དུས་འཕུར་འཁོར་འདི་དག་མཐའ་རུ་བསྐོར་ནས་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་གྱུར་དེ་དུས་ཚོད་གཅིག་གི་ནང་དུ་ལེ་དབར་༢༤༠དང་༣༢༠་གྱི་མགྱོགས་ཚད་ལྟར་འཕུར་ཐུབ།

དེ་ཡང་ཨོ་པུར་ཚང་གིས་གསལ་བསྒྲགས་ནང་དུ་གནམ་གྲུ་བཟོ་གྲྭ(Karem)ཚང་དང་མཉམ་འབྲེལ་བྱས་ཏེ་གློག་སྒུལ་མི་མེད་གནམ་གྲུ་བཟོ་བའི་སྐོར་བརྗོད་པ་མ་ཟད། ཉེ་སྔོན་སྤྱི་གཉེར་ཁང་ཁ་ཤས་དང་ལས་ཀའི་མཉམ་འབྲེལ་གྲོས་ཆོད་བཞག་ཡོད་འདུག མཁའ་འགྲུལ་རླངས་འཁོར་འདིའི་སྟེང་གི་ཕྱོགས་བཞི་རུ་འཕུར་འཁོར་བཞི་བཞག་ཡོད་ལ། དེས་ཡར་འཕུར་མར་འབབ་གྱི་སྒུལ་ཤུགས་ཚོད་འཛིན་བྱེད། མཐོ་ཚད་ངེས་ཅན་ཞིག་ལ་ཐོན་དུས་འཕུར་འཁོར་འདི་དག་མཐའ་རུ་བསྐོར་ནས་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་གྱུར་དེ་དུས་ཚོད་གཅིག་གི་ནང་དུ་ལེ་དབར་༢༤༠དང་༣༢༠་གྱི་མགྱོགས་ཚད་ལྟར་འཕུར་ཐུབ། གློག་གསོག་ཐེངས་གཅིག་གིས་ལེ་དབར་༩༧ལ་འཕུར་སྐྱོད་བྱེད་ཅིང་། ཨོ་པུར་གྱི་འཆར་གཞི་ལྟར་ན་ཕྱི་ལོ་༢༠༢༠ལོར་ཚོད་ལྟ་བྱེད་པ་དང་། ཕྱི་ལོ་༢༠༢༣ལོར་ཨ་རིར་མཁའ་འགྲུལ་གླ་གཏོང་ཞབས་ཞུ་བྱེད་རྒྱུ་རེད་འདུག