19
Fri, Apr

ཨ་རི་དང་ཀྲུང་ཞིའི་ཀུང་ཟི་བར་གྱི་ཀླན་ཀ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ཟླ་ལྔ་བའི་ཚེས་༡༩་ཉིན་ནས་བཟུང་ཀྲུང་ཨ་གཉིས་ཀྱི་ཉོ་ཚོང་ཀླན་ཀ་རིམ་བཞིན་ཞི་བ་དང་འབྲེལ་བ་བྱུང་།

དེ་ཡང་ད་ལོའི་ཕྱི་ཟླ་བཞི་བའི་ཟླ་སྨད་ནས་བཟུང་སྟེ་ཨ་རིའི་ཚོང་དོན་སྤྱི་ཁྱབ་སྡེ་ཡིས་གསལ་བསྒྲགས་སྤེལ་བ་ལྟར། ཀྲུང་ཞིན་(中兴)འཕྲིན་གཏོང་ཚང་གིས་སྔ་ལོར་བཞག་པའི་ཨ་རིའི་སྲིད་གཞུང་གི་གྲོས་ཆོད་ཡི་གེ་དང་རྒྱབ་འགལ་བྱས་པས། ཀྲུང་ཞིན་ཚང་ལ་ལོ་བདུན་གྱི་རིང་དུ་ཨ་རིའི་ཕྱིར་གཏོང་ཚོང་ལམ་གྱི་སྒོ་གཏན་པ་རེད་འདུག། དེ་ནི་ལོ་བདུན་གྱི་རིང་དུ་ཀྲུང་ཞིན་ཚང་ལ་ཨ་རིའི་ཁེ་ལས་གང་གིས་ཀྱང་ཐོན་རྫས་མཁོ་འདོན་བྱེད་མི་ཆོག་པ་བྱས་པ་ཡིན་འདུག དེས་རྐྱེན་བྱས་དེ་ཀྲུང་ཞིན་ཚང་གི་ལས་བཟོ་བས་ཕྱི་གླིང་གི་ཁྲིམས་ལུགས་ལ་སློབ་སྦྱོངས་དང་ཡིག་རྒྱུགས་སྤྲོད་ཐབས་སོགས་ལག་བསྟར་བྱས་པ་དང་། ཀྲུང་ཞིན་ཚང་གིས་ཀྱང་རེ་ཞུ་ཡི་གེ་སོགས་ཉེར་མཁོའི་ཡིག་ཆ་ཨ་རིའི་སྲིད་གཞུང་ལ་སྤྲད། ཕྱི་ཟླ་ལྔ་བའི་ཚེས་༡༩་ཉིན་ནས་བཟུང་ཀྲུང་ཨ་གཉིས་ཀྱི་ཉོ་ཚོང་ཀླན་ཀ་རིམ་བཞིན་ཞི་བ་དང་འབྲེལ་ནས། ཀྲུང་ཞིན་ཚང་ལ་ཡང་ཚོང་ལམ་དམ་དྲག་བྱས་པ་རེ་ཞིག་ཞི་ལྷོད་དུ་འགྲོ་བའི་གོ་སྐབས་བྱུང་ཡོད་འདུག