04
Thu, Jun

༢༠༢༠་ལོའི་ཟླ་༥་ཚེས་༡་ཉིན། ༸རྒྱལ་དབང་ཀརྨ་པ་མཆོག་གིས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཆེད་ཞལ་འདེབས་ཧིན་སྒོར་འབུམ་བཅུ་གནང་འདུག

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༥་ཚེས་༡་ཉིན། དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ། ཏོག་དབྱིབས་གཉན་སྲིན་སྔོན་འགོག་གི་ཐོག་གོ་རྟོགས་དང་ལས་འགུལ་སྤེལ་བཞིན་ཡོད་པར་རྒྱབ་སྐྱོར་མཚོན་ཆེད་ཧིན་སྒོར་འབུམ་བཅུ་ཞལ་འདེབས་གནང་འདུག

དེ་ཡང་། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་སྲིན་༡༩་པ་དེ་ད་ལྟར་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བཞིན་པའི་ཛ་དྲག་དུས་སྐབས་འདིར། བོད་མིའི་སྒྲིག་འཛུགས་ནས་ཏོག་དབྱིབས་གཉན་སྲིན་སྔོན་འགོག་གི་ལས་དོན་ཚོགས་ཆུང་ཟུར་བཙུགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ། ནད་ཡམས་འདི་ཉིད་སྔོན་འགོག་གི་གོ་རྟོགས་དང་ལས་འགུལ་ས་གནས་གཞུང་དང་ལྷན་ཚགས་ཚུད་ངང་སྤེལ་དང་སྤེལ་བཞིན་ཡོད་པར་རྒྱབ་སྐྱོར་མཚོན་བྱེད་དུ།

དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་ ༸རྒྱལ་དབང་ཀརྨ་པ་མཆོག་གི་འཛིན་སྐྱོང་སྤྱི་ལས་ཁང་མཚུར་ཕུ་བླ་བྲང་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་སླད་ཧིན་སྒོར་འབུམ་བཅུ་ཞལ་འདེབས་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།