18
Thu, Apr

༢༠༡༩ལོའི་ཟླ་༤་ཚེས་༢༥་ཉིན་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་རུ་༧པཎ་ཆེན་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ ༤ ཚེས་༢༥ཉིན། རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་༧རྗེ་བཙུན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་༣༠ ལ་ཕེབས་པའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཧ་ཅང་ཟབ་རྒྱས་ཞིག་ཚོགས་སོང་།

དེ་ཡང་སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་གཙོའི་གནས་ཡོད་མི་སྣ་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་འཐུས་མི་སྐུ་ཚབ། དེ་བཞིན་ལྷོ་ཕྱོགས་ས་གནས་འགོ་འཛིན་དང་གཞུང་ཞབས་ལས་སྣེ། སློབ་ཕྲུག་དང་སེར་སྐྱ་མི་དམངས་སོགས་མི་སྣ་མང་པོ་ཆེད་ཕེབས་གནང་འདུག

མཛད་སྒོའི་སྐབས་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱག་མཆོག་སྤྲུལ་རིན་པོ་ཆེས་གལ་ཆེ་ཡོངས་ཁྱབ་གསལ་བསྒྲགས་གནང་དོན། གནམ་ལ་ཉི་མ་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན་ཟེར་བ་ལྟར་རྒྱལ་བ་པཎ་ཆེན་རྣམ་གཉིས་ནི་འདས་པའི་ལོ་རྒྱུས་ནང་ཕན་ཚུན་བླ་སློབ་ཀྱི་ཚུལ་དུ་བསྟན་འགྲོའི་དོན་དུ་རླབས་ཆེན་གྱི་མཛད་པ་སྐྱོང་དང་སྐྱོང་བཞིན་པ་ཡོད་པ། ༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་གཞི་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་བཞིན་སྐུ་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་གསལ་བསྒྲགས་ཡོངས་ཁྱབ་བསྐྱངས་གནང་མཛད་ཡོད།

འོན་ཀྱང་རྒྱ་ནག་གཞུང་གི་ངན་སེམས་ཀྱིས་དགུང་ལོ་དྲུག་ལས་མ་སོན་པའི་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་ཡང་སྲིད་འཚོལ་ཆུང་གི་དབུ་འཛིན་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་སོགས་སྣེ་ཡོད་མི་སྣ་རྣམས་འཛིན་བཟུང་བཙོན་བཅུག་བྱས་ཡོད་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དང་འགྲོ་བ་མིའི་ཐོ་ཐང་སོགས་ཀྱིས་སྙན་ཐོ་རིམ་པ་བཏོན་པ་སོགས་ཀྱིས་སྐྱོན་བརྗོད་ནན་མོ་བྱས་ཡོད་ཀྱང་ད་བར་རྒྱ་ནག་གཞུང་གིས་ཁུང་ལུང་ལྡན་པོའི་ལན་འདེབས་གསལ་བཤད་གཅིག་ཀྱང་བྱུང་མེད་སྐོར་དང་ང་ཚོས་བདེན་མཐའ་མ་གསལ་བར་དུ་བདེན་དོན་རྩོད་རྒྱུ་ནམ་ཡང་མཚམས་འཇོག་བྱེད་གིན་མིན་ཅེས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གྱི་གཙོ་བོ་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་མཛད་སྒོའི་གཏམ་བཤད་སྐབས། ༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ཡང་སྲིད་ངོས་འཛིན་ནན་མོ་གནང་ཡོད་སྐོར་གསུངས་པ་དང་། སྐུ་གཟིགས་ཆུང་སྤྲུལ་རིན་པོ་ཆེ་མཆོག་ད་བར་ང་ཚོས་གང་ཡང་ཤེས་རྟོགས་བྱུང་མེད་ཅེས་གསུངས་སོང་། ༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་པ་དེའང་ང་ཚོ་བོད་མི་རྣམས་ཀྱིས་བསོད་ནམས་ཀྱིས་མ་ཆོག་པ་རེད་ཅེས་གསུངས་ཡོད་པ་བཞིན་ཆུང་སྲིད་རིན་པོ་ཆེ་འདི་ཡང་ང་ཚོས་མཇལ་རྒྱུ་མ་བྱུང་པ་དེ་ང་ཚོས་བོད་མི་རྣམས་ཀྱིས་བསོད་ནམས་ཀྱིས་མ་ཆོག་པ་ཡིན་པ་ཚོར་སྣང་ཡོང་གི་འདུག་ཅེས་གསུངས་སོང་།

དེ་ནས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཀྱང་རྒྱ་ནག་གཞུང་གི་ཆོས་དད་དབང་སྤྲོད་ཀྱི་མེད་ལུགས་སོགས་ཀྱི་བཀའ་སློབ་གནང་མཐར་དེ་རིང་གི་མཛད་སྒོ་འདི་གྲལ་སྒྲིག་ཡག་པོ་གནང་ཡོད་ལུགས་སོགས་ཀྱིས་བསྔགས་བརྗོད་གནང་སོང་།

ལྷོ་ཕྱོགས་་བྱམས་པ།