25
Thu, Apr

༢༠༡༨ལོའི་ཟླ༡༢ཚེས་༡༤ཉིན་འཇང་དགུན་ཆོས་ལེགས་པར་མཇུག་གྲུབ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༢་ཚེས་༡༥ཉིན་སྤེལ། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་ཡོད་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ལོ་འདིའི་འཇང་དགུན་ཆོས་ཆེན་མོ་ཟླ་འདིའི་ཚེས་༡༤ཉིན་མཇུག་བསྡུས་ཡོད་པ་དང་། དེའི་ཐོག་ལ་འཇམ་མགོན་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཕེབས་གནང་ཡོད་པ་རེད།

དེ་ཡང་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཟླ་འདིའི་ཚེས་༡༤་ཉིན་རི་བོ་དགེ་ལུགས་པའི་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་ཆེན་མོ་མཐའ་མ་དེ་ཚོགས་ཡོད་པ་དང་། དེའི་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གདན་ས་སེ་ར་དང་རྒྱུད་སྨད་གྲྭ་ཚང་རྫོང་ཆོས་གྲྭ་ཚང་བཅས་ཀྱི་མཁན་པོ་མཁན་ཟུར་རྣམ་པ་དང་སྦག་སའི་གནས་བརྟན་བགྲེས་སོང་། བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་དགེ་འདུན་འདུས་ཚོགས་ཁྲི་གཉིས་ལ་ཉེ་བ་འདུ་འཛོམས་གནང་འདུག གཞན་ཡང་མང་ཚོགས་བརྒྱ་ཕྲག་བཅས་སེར་སྐྱ་མང་ཚོགས་འདུ་འཛོམས་ཁྲོད་མཚན་ཕུད་དམ་བཅའ་ཆེན་པོ་ལེགས་གྲུབ་ངང་མཇུག་གྲུབ་སྟེ་ཚེས་༡༦ ཉིན་ཕྱོགས་མཐར་ཁག་ནས་ཕེབས་པའི་དགེ་འདུན་པ་རྣམས་རང་གནས་སུ་ཕེབས་རྒྱུ་རེད་འདུག