19
Fri, Apr

བརྟན་བཞུགས་བསྟར་འབུལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༸གོང་ས་ལྷ་མའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་། བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་རྣམས་ལྷུན་གྱིས་འགྲུབ་པའི་ཕྱིར་ཕོ་བྲང་ཚོམས་ཆེན་རྟ་མགྲིན་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག

དེ་ཡང་ཟླ་འདིའི་༦ཚེས་༢༧ རེས་གཟའ་ལྷག་པ་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་བླ་ལྷའི་ཐུགས་དམ་དགོངས་དོན་ལྟར་དགའ་ལྡན་ཕོ་བྲང་བླ་བྲང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དགའ་ལྡན་ཕོ་བྲང་གི་ཞབས་ཞུ་བ་རྣམས་དང་། ཞབས་ཞུ་བ་སོ་སོའི་ནང་མི་རྣམས་ནས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་། བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་རྣམས་ལྷུན་གྱིས་འགྲུབ་པའི་ཕྱིར་ཕོ་བྲང་ཚོམས་ཆེན་རྟ་མགྲིན་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག