25
Thu, Apr

པར་རིས་འགྲེམས་སྟོན་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

གངས་ཅན་སྐྱིད་གཤོང་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་ལས་གཞི་འགྲོ་མུས་ཡིན་སྟབས་དེར་དམིགས་ནས་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་སྤེལ་ཆེད་ཐེངས་འདིར་པར་རིས་འགྲེམས་སྟོན་གནང་བ་ཞིག་ཡིན་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༢ ནས་ཚེས་ ༡༣ ཉིན་གཉིས་རིང་བྷོ་སི་ཊོན་གྲོང་ཁྱེར་གྱི་(Massachusetts)ཁུལ་དུ་རྟེན་གཞི་བྱས་པའི་བྷོ་སོ་ཊོན་བོད་རིགས་ཚོགས་པའི་ཚོགས་ཁང་དུ་བྱང་ཨ་རིའི་གྲོང་ཁྱེར་ཁག་གཅིག་ནང་སྐོར་སྐྱོད་ཀྱི་པར་རིས་འགྲེམས་སྟོན་ལས་གཞི་མཐའ་མ་ལེགས་འགྲུབ་བྱུང་འདུག དེ་ནི་བཞུགས་སྒར་གངས་ཅན་སྐྱིད་གཤོང་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་ལས་གཞི་འགྲོ་མུས་ཡིན་སྟབས་དེར་དམིགས་ནས་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་སྤེལ་ཆེད་ཐེངས་འདིར་པར་རིས་འགྲེམས་སྟོན་གནང་བ་ཞིག་ཡིན་འདུག བྷོ་སི་ཊོན་གྲོང་ཁྱེར་ནང་གནས་སྡོད་བོད་མི་རྒན་གཞོན་ཕོ་མོ་དབྱེར་མེད་སོགས་ཁྱོན་མི་གྲངས་ ༣༠༠ ཙམ་འགྲེམས་སྟོན་གཟིགས་ཆེད་ཕེབས་འདུག

དེ་ཡང་ཉིན་དང་པོར་ “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་” དང་། ཉིན་གཉིས་པར་ “ཕ་ཡུལ་ཕྱོགས་སུ་རྒྱང་བལྟ་བྱས་པ་” ཞེས་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་མ་བྱས་གོང་གི་པར་རིས་དང་། བཙན་འཛུལ་བྱས་རྗེས་བོད་ནང་གི་གནས་སྟངས། ད་ལྟའི་བོད་ཀྱི་གནས་སྟངས། ལོ་རྒྱུས་ཀྱི་གནས་བབ་གཞི་ལ་བཞག་ནས་མ་འོངས་བོད་ཀྱི་གནས་སྟངས་སོགས་པར་རིས་འགྲེམས་སྟོན་གནང་འདུག

གཞན་ཡང་སྐབས་དེར་དོངས་བྱུང་གློག་བརྙན་ “Out of this world- A Journey into Forbidden Tibet” ཞེས་པ་བསྟན་གནང་ཡོད། གློག་བརྙན་དེ་ནི་ཕྱི་ལོ་ ༡༩༤༩ ལོར་ཨ་རིའི་གསར་འགོད་པ་དང་རླུང་འཕྲིན་ལས་རིམ་རྒྱང་སྲིང་བ་སྐུ་ཞབས་ལོ་ཝེལ་ཐོ་མ་སི་(Lowell Thomas) ལགས་དང་ཁོང་གི་བུ་གཉིས་བོད་དུ་སྐྱོད་སྐབས་ས་གནས་སུ་མཐོང་ཐོས་མྱོང་གསུམ་གྱི་གནས་ཚུལ་ཕྱོགས་སྒྲིག་གནང་བའི་དངོས་བྱུང་གློག་བརྙན་ཞིག་ཡིན་འདུག’

ཐེངས་འདིར་པར་རིས་འགྲེམས་སྟོན་དེ་བཞིན་བྷོ་སི་ཊོན་བོད་རིགས་ཚོགས་པ་དང་། ཕྱི་དྲིལ་འགྲེམས་སྟོན་ཚན་པ་བཅས་མཉམ་འབྲེལ་གྱི་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། འགྲེམས་སྟོན་སྐབས་ཨ་རི་དོན་ཁང་ནས་མཐུན་འགྱུར་རོགས་རམ་གནང་ཡོད། དེ་རྗེས་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྲོང་ཁྱེར་པོཊ་ལེཌ་(Portland)དང་། ཕྱི་ཚེས་ ༢༧ ཉིན་གྲོང་ཁྱེར་(Francisco) ནང་པར་རིས་འགྲེམས་སྟོན་དང་དཔལ་འབྱོར་འདུ་འགོད་ལས་གཞི་མུ་མཐུད་སྤེལ་གཏན་འཁེལ་འདུག་པ་དང་བཅས།