16
Tue, Apr

བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མང་གཙོའི་དུས་ཆེན་ཐེངས་ ༦༩ བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དྲུང་འཕར་ཡན་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཀྱིས་སྲུང་བརྩི་གནང་བ། པར་བ་ཆོས་ཉིད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༢༦ཉིན་སྤེལ། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མང་གཙོའི་དུས་ཆེན་ཐེངས་ ༦༩ བཀའ་ཤག་མདུན་ཐང་དུ་སྲུང་བརྩི་དང་།  བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དྲུང་འཕར་ཡན་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་གནང་སོང་།

དེ་རིང་སྔ་དྲོའི་ཚོུད་ ༩།༠༠ ཐོག སྲིད་ཚབ་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་རྒྱལ་དར་རྒྱལ་གླུ་དང་མཉམ་དུ་མཁའ་དབྱིངས་སུ་བསྒྲེངས་རྗེས་གསར་འགོད་པར་བརྗོད་དོན།
"རྒྱ་གར་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོ་བོར་གྱུར་པ་དང་མང་གཙོའི་ངོ་བོར་གྱུར་ནས་མི་ལོ་ ༦༩ འཁོར་བའི་དེ་རིང་གི་ཉིན་མོ་འདིར། བོད་མི་སྤྱི་དང་།  ལྷག་པར་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།"ཅེས་དང་།

གཞན་ཡང་། "ཉིན་མོ་འདི་དང་བསྟུན་སྟེ་བཙན་བྱོལ་བོད་མི་སྤྱི་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གཞུང་མང་གཉིས་ནས་ད་བར་གང་ཅིའི་ཐད་ནས་མཐུན་འགྱུར་རོགས་རམ་ཆད་མེད་གནང་བར་བཀའ་དྲིན་སྙིང་བཅངས་དང་།  གོ་སྐབས་འདི་བརྒྱུད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བཙན་བྱོལ་བ་དང་བོད་པ་ངོས་ནས་རྒྱ་གར་གྱིས་ང་ཚོར་རོགས་སྐྱོར་གང་གནང་བ་དེའི་མཐའ་མའི་གྲུབ་འབྲས་ཆུད་ཟོས་སུ་མ་འགྲོ་བར་རྗེས་མ་ཚང་མས་མཐོང་ཐུབ་རྒྱུ་ཡོད་པ་ང་ཚོས་སྙིང་བཅངས་ཞུས་ནས་དེ་ལྟར་བྱེད་ཐུབ་པའི་རེ་བ་ཡོད། "ཅེས་འགྲེལ་བརྗོད་གནང་སོང་བ་བཅས།།