25
Thu, Apr

རང་དབང་ལྡན་པའི་ཡུལ་ལུང་འདྲ་མིན་གྱི་མི་སྣ་ཡིས་༧གོང་ས་མཆོག་གི་སྐུ་པར་དང་འགྲོ་བ་མིའི་ཐོབ་ཐང་མཚོན་པའི་འཕྲེད་བྱང་སོགས་འཕྱངས་ཏེ་པར་སྒྲོམ་ནང་དུ་པར་སྒྲོན་པའི་ལས་འགུལ་སྤེལ་གྱིན་པ། པར་བ་ཆོས་ཉིད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༧།༡༢།༡༢ ཉིན་སྤེལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དགའ་དགའ་སྤྲོ་སྤྲོའི་ངང་རོལ་མ་ཐུབ་པ་ནི་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་རྐྱེན་ཡིན། ཉིན་མོ་འདི་དང་བསྟུན་ནས་བོད་ནང་གི་གནས་ཚུལ་མཚོན་པའི་པར་སྒྲོམ་གྱི་ལས་འགུལ་ཞིག་སྤེལ་གྱི་ཡོད།

ཉེ་ལམ་སྔ་དྲོའི་ཚོུད་ ༡༡ ཐོག  ངྷ་སར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐེངས་ ༦༩ དང་༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་ཏེ་ལོ ༢༨ འཁོར་བའི་མཛད་སྒོའི་ཉིན་མོ་དང་སྟབས་བསྟུན་གྱིས་པར་སྒྲོམ་ནང་དུ་པར་སྒྲོན་སྟེ་བོད་ནང་གི་འགྲོི་བ་མིའི་ཐོབ་ཐང་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་ཀྱིན་འདུག

རིག་འཛིན་ཆོས་སྒྲོན་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འདི་དང་སྦྲགས་ལས་འགུལ་སྤེལ་གྱིན་པའི་དམིགས་ཡུལ་སྐོར་གསར་འགོད་པས་བཅར་འདྲི་ཞུ་བ། པར་བ་ཆོས་ཉིད།རིག་འཛིན་ཆོས་སྒྲོན་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འདི་དང་སྦྲགས་ལས་འགུལ་སྤེལ་གྱིན་པའི་དམིགས་ཡུལ་སྐོར་གསར་འགོད་པས་བཅར་འདྲི་ཞུས་དོན། "ང་ཚོས་པར་གྱི་བརྒྱུད་ལམ་ནས་ལས་འགུལ་ཞིག་སྤེལ་ཡོད། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ནི་དགའ་དགའ་སྤྲོ་སྤྲོའི་ངང་སྲུང་བརྩི་ཞུ་དགོས་པ་ཞིག་ཆགས་ཡོད་མོད། བོད་ནང་གི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་སྐྱོ་བོ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་དམིགས་གསལ་གྱིས་བོད་ནང་གི་གནས་སྟངས་སྡུག་རུ་སོང་ཡོད་པས་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐབས་ ༦༩ ཉིན་མོ་འདིར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་འདྲ་མིན་གསལ་ཁ་བཏོན་རྒྱུ་དང་། བོད་ནང་གི་ཆབ་སྲིད་བཙོན་པ། རྩོམ་པ་པོ་དང་སྙན་ངག་པ་རྣམས་ཀྱིས་རྩོམ་བྲིས་པ་ཙམ་གྱིས་བཙན་འཁྲིད་བྱེད་ཀྱིན་པའི་སྐོར་ཁྱབ་བསྒྲགས་བྱེད་པ། དམིགས་གསལ་གྱིས་༧གོང་ས་མཆོག་གི་སྐུ་པར་ཉར་བ་ཞིག་བཙན་འཁྲིད་བྱས་པ་ཡིན་ན། ལོ་མང་པོར་ཁྲིམས་ཐག་གཅོད་པ། མནར་གཅོད་ཚབ་ཆེན་གཏོང་ཀྱིན་པའི་གནས་ཚུལ་ཁྱབས་བསྒྲགས་བྱེད་ཞོར། ངྷ་སར་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་མི་སྣ་རྣམས་ཀྱིས་པར་སྒྲོམ་བརྒྱུད་དེ་པར་སྒྲོན་རྒྱུ་བཅས་ཡིན། "ཞེས་འགྲེལ་བརྗོད་གནང་སོང་།

རང་དབང་ལྡན་པའི་ཡུལ་ལུང་འདྲ་མིན་གྱི་མི་སྣ་ཡིས་༧གོང་ས་མཆོག་གི་སྐུ་པར་དང་འགྲོ་བ་མིའི་ཐོབ་ཐང་མཚོན་པའི་འཕྲེད་བྱང་སོགས་འཕྱངས་ཏེ་པར་སྒྲོམ་ནང་དུ་པར་སྒྲོན་པའི་ལས་འགུལ་སྤེལ་གྱིན་པ་བཅས།།