14
Thu, Nov

རྒྱ་གཞུང་གིས་བོད་ནང་དྲ་རྒྱ་སྤྱོད་པར་སྟངས་འཛིན་ནན་མོ་བྱ་རྒྱུའི་ཉེན་བརྡ་བཏང་བ།

གཞུང་གིས་དྲ་ཐོག་ཏུ་གཞི་རྒྱ་ཆེ་བའི་སྟངས་འཛིན་ནན་མོ་བྱེད་པའི་ཉེན་བརྡའི་ཡིག་ཆ་ཞིག་འབྱོར་སོན་བྱུང་། ཡིག་ཆ་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཉེན་རྟོག་པས་ས་གནས་མང་ཚོགས་ལ་བཀྲམ་འདུག བོད་ཡིག་གིས་བྲིས་པའི་ཉེན་བརྡའི་ཡིག་ཆ་དེའི་ནང་ས་གནས་ཁག་གི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་དང་དྲ་ཚིགས་བེད་སྤྱོད་གཏོང་མཁན་ཡོངས་ནས་གཤམ་གསལ་གྱི་དོན་ཚན་འདི་དག་ལ་འགན་ཁུར་དགོས་ཚུལ་གསལ་ཡོད།

ཉེ་དུས་འཛམ་གླིང་གི་གནོན་སྐྱེས་དབུ་ཁྲིད་བགྲོ་གླེང་ཞིག་གི་སྐབས་ྋགོང་ས་མཆོག་གིས་བཀའ་སློབ་གནང་བཞིན་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་འགོད་པ་ཡེ་ཤེས་ཆོས་བཟང་གིས་པར་བླངས།

༢༠༡༧ལོའི་ཟླ་༡༡ཚེས་༡༠ཉིན་སྤེལ། བོད་ནང་གི་རྒྱ་ཆེའི་མི་མང་དེ་དག་བོད་ཀྱི་དོན་གྱི་བདག་པོ་རེད།  དུས་ད་ལྟ་བར་དུ་འཛམ་གླིང་འདིར་བོད་ཅེས་མངོན་ཐུབ་པའི་མ་རྩ་ལྟ་བུ་ནི་བོད་རྒྱ་ཆེའི་མི་མང་རེད། ཅེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་འདུག

བཞུགས་སྒར་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་ྋགོང་ས་མཆོག་གིས་དད་ལྡན་མང་ཚོགས་ཁག་ལ་བཀའ་སློབ་སྩལ་བཞིན་པ། པར་དབང་དབུས་བོད་མིའི་སྒྲིག་འཛུགས།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་རིགས་ལམ་སླེབ་གཉེར་ཁང་དང་དབུས་བོད་ཀྱི་སྨན་རྩིས་ཁང་གི་སློབ་ཐོན་པ་དང༌། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགོ་ལས་དང་དྭངས་བླངས་པ། རྒྱ་གར་དང་འབྲུག་པ། བོད་རིགས།

གླིང་དང་དགོན་པ་ལོགས་བཀར་གྱི་སྲིད་ཇུས་ལག་བསྟར།

༢༠༡༧།༠༨།༢༤ཉིན་སྤེལ། བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་གི་གླིང་དང་དགོན་པ་ལོགས་བཀར་བྱེད་སྟངས་ཀྱི་རྟོགས་སླའི་ཤོག་བྱང་ཞེས་པའི་བསྒྲགས་ཡིག་ཅིག་སྲིད་གཞུང་གིས་སྤེལ་འདུག

ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ། པར་དབང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།Canada reader forget shaking favorite

༢༠༡༧ལོའི་ཟླ༡༡ཚེས་༡༡ཉིན་སྤེལ། ཕྱི་ལོ་༢༠༡༧ ལོའི་༡༠ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༥ པའི་ཐོག་བོད་མདོ་སྨད་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དུ་’’ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་’’ཐེངས་བཅུ་གཅིག་པ་དབུ་འཛུགས་ཀྱིས་ཕྱི་ཟླ་༡༡ ་ཕྱི་ཚེས་༡༠ ཉིན་མཚན་ཕུད་དམ་བཅའ་ཆེན་མོ་ཚོགས་ནས་ཉིན་བཅོ་དྲུག་རིང་ཚོགས་ནས་ཡོངས་སུ་ལེགས་པར་གྲུབ་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།