18
Tue, Feb

རྫ་སྨད་དབོན་པོ་དགོན་གྱི་གྲྭ་ཆོས་མཆོག་ལགས།

བོད་ཀྱི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༢ཚེས་༦ཉིན། རྫ་སྨད་དབོན་པོ་དགོན་གྱི་དགེ་འདུན་པ་ཆོས་མཆོག་ལགས་བཙོན་ཁང་ནས་གློད་གྲོལ་བཏང་བའི་གནས་ཚུལ་ཐོན་འདུག ཁོང་ནི་༢༠༡༧་ལོའི་ཟླ་༡༢་ཟླ་མཇུག་དར་ལག་རྫོང་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང་། སི་ཁྲོན་དཀར་མཛེས་བཙོན་ཁང་(ར་རྔ་བཙོན་ཁང་)ལ་ལོ་གཉིས་ལྷག་བཙོན་འཇུག་བྱས་མཐའ་གློད་གྲོལ་བཏང་འདུག

དེ་ཡང་། རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་གནས་ཚུལ་འཁོད་སྤྲོད་གནང་དོན། གྲྭ་ཆོས་མཆོག་ལགས་༢༠༡༧་ལོའི་ཟླ་༡༢་ཟླ་མཇུག་དར་ལག་རྫོང་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང་། ལོ་གཉིས་ལྷག་ལ་སི་ཁྲོན་དཀར་མཛེས་ཁུལ་གྱི་དཀར་མཛེས་བཙོན་ཁང་(ར་རྔ་བཙོན་ཁང་)ལ་བཙོན་འཇུག་བྱས་ནས་འདི་ལོའི་ཟླ་༢་ཚེས་༦་ཉིན་དངོས་སུ་གློད་གྲོལ་་བཏང་ཡོད་པར་འགྲེལ་བརྗོད་གནང་སོང་།

རྒྱ་གཞུང་གིས་གྲྭ་ཆོས་མཆོག་ལགས་འཛིན་བཟུང་བྱས་དོན་ནི། ༢༠༡༧་ལོའི་ཟླ་༡༢ ཚེས་༢༣་ཉིན། རྒྱལ་གཅེས་དཔའ་བོ་དཀོན་པེ་ལགས་ཀྱིས་རྔ་བ་ནས་རང་ལུས་མེར་བསྲེགས་བཏང་བའི་པར་ཞིག ཁོང་གིས་རང་ཉིད་ཀྱི་སྐད་འཕྲིན་རྒྱབ་ལྗོངས་སུ་བཞག་པའི་རྒྱུ་མཚན་ཡིན་པ་ལས་གཞན་འཛིན་བཟུང་བྱས་པའི་རྒྱུ་མཚན་ཤེས་རྟོགས་བྱུང་མི་འདུག དེ་བཞིན། ད་ལྟར་ཁོང་གི་སྐུ་གཟུགས་ཀྱི་གནས་བབས། བཙོན་ཁང་ནས་མནར་གཅོད་ཅི་མྱོང་སོགས་ཀྱི་ཐོག་ད་དུང་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།

གྲྭ་ཆོས་མཆོག་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་། རྫ་ཆུ་ཁ། རྫ་སྨད་དབོན་པོ་དགོན་གྱི་དགེ་འདུན་པ་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།