21
Tue, Jan

མདོ་སྨད་རྔ་བར་གཞོན་སྐྱེས་ཡོན་ཏན་ལགས། པར་གཉིས། ཁོང་གིས་རང་ལུས་མེར་སྲེག་གཏོང་སྐབས།

བོད་ཀྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༡་ཚེས་༢༦་ཉིན། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས། རང་ལོ་ ༢༤ ཡས་མས་ཡིན་པའི་གཞོན་སྐྱེས་ཡོན་ཏན་ལགས་ཀྱིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག

དེ་ཡང་། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་བའི་གནས་ཚུལ་ནང་དུ། བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་༢༤་ཡས་མས་ཡིན་པའི་གཞོན་སྐྱེས་ཡོན་ཏན་ལགས་ཀྱིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག

ཁོང་ནི་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་བསོད་དོན་དང་། མ་ཚེ་ཁོ་སྐྱིད་གཉིས་ཀྱི་བུ་ཡིན་འདུག ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་མྱོང་ཡོད་འདུག རྗེས་སུ་སྐྱ་སར་བབས་ནས་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་འདུག རང་ལུས་མེར་བསྲེག་གི་གནས་ཚུལ་བྱུང་རྗེས་ས་གནས་དེ་ལ་དམ་བསྒྲགས་ཅི་བྱུང་དང་། དཔའ་བོ་ཁོང་གི་སྐུ་ཕུང་ནང་མིར་རེག་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ད་དུང་ཤེས་རྟོགས་བྱུང་མི་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།