15
Fri, Nov

༢༠༡༩་ལོའི་ཟླ་༩་ཚེས་༢༠་ཉིན། ནོར་བཟང་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག ཁོ་རང་གི་སྐྱེས་ཡུལ་སྲ་བྷ་གྲོང་སྡེ།

བོད་ཀྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༩་ཚེས་༢༧་ཉིན། ཉེ་སྔོན་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་ནག་ཆུ་རྟར་ཆེན་ཡུལ་ཚོ་ཁྱབ་ཁོངས་སུ་ཡོད་པའི་ཤག་རོང་པོ་དགོན་གྱི་ཡུལ་སྡེ་གེ་སོའི་ཚ་ལྷིས་དང་སྲ་བྷ་གྲོང་ནས་ཡིན་པའི་སྨན་པ་ཚེ་རྒྱལ་དང་། དབྱངས་འཕེལ། བདུད་འདུལ་ལྷ་རྒྱས། ཤེས་དབང་རྣམ་རྒྱལ། སྲིད་ཐར་དབང་རྒྱལ་བཅས་གློད་གྲོས་བཏང་ཡོད་ཀྱང་། དེའི་ཁྲོད་ཀྱི་ནོར་བཟང་ལགས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

དེ་ཡང་། འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་དུ། ཟླ་༩་ཚེས་༢༠་ཉིན། རྒྱ་ནག་གི་རྒྱལ་སྟོན་མཛད་སྒོ་ཚོགས་ལ་ཉེ་བའི་སྐབས། རྒྱ་གཞུང་གིས་བཙན་དབང་གིས་རྒྱལ་དར་འཁྱེར་དགོས་པ་དང་སྟོད་གླུ་ལེན་བཅུག་པར་རྣམ་འགྱུར་ཡག་པོ་མ་བསྟན་པའི་དབང་གིས། བོད་ཁམས་ནག་ཆུ་རྟར་ཆེན་གྲོང་སྡེ་ཁུལ་དུ་བོད་མི་དྲུག་བཙན་ཁྲིད་བྱས་ཡོད་པ་དང་། ཟླ་༩་ཚེས་༢༧་ཉིན་ཙམ། བོད་མི་ལྔ་གློད་གྲོལ་བཏང་ནས་ཁྱིམ་དུ་ལོག་ཡོད་ཀྱང་། དེའི་ཁྲོད་བོད་མི་ནོར་བཟང་ལགས་གར་སོང་ཆ་མེད་གྱུར་ཡོད་འདུག

ནོར་བཟང་ལགས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་བ་ནས་བཟུང་། ས་གནས་སྲིད་གཞུང་གི་ཉེན་རྟོག་པས་རླང་འཁོར་ལྔ་དྲུག་ཙམ་ནོར་བཟང་ལགས་ཀྱི་ཁྱིམ་ཉེ་འཁོར་སྲ་བྷ་གྲོང་སྡེའི་ནང་ལ་འབྱོར་ནས་སྐོར་སྐྱོད་བྱས་ཅིང་། ཉེན་བརྡའི་གློག་བཅས་སྦར་ནས་མི་མང་ལ་རྫིག་ཉམས་སྟོན་བཞིན་པ་དང་སུན་པོ་བཟོ་བཞིན་ཡོད་པ་མ་ཟད། སྲིད་གཞུང་གིས་དམ་དྲག་ཤུགས་ཆེན་དང་ཛ་དྲག་གི་གནས་སྟངས་འོག་ཏུ་གནས་ཡོད་འདུག 

དེའི་སྔོན་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་ནག་ཆུ་རྟར་ཆེན་ཡུལ་ཚོ་ཁྱབ་ཁོངས་སུ་ཡོད་པའི་ཤག་རོང་པོ་དགོན་གྱི་ཡུལ་སྡེ་གེ་སོའི་ཚ་ལྷིས་དང་སྲ་བྷ་གྲོང་བཅས་ནས། སྨན་པ་ཚེ་རྒྱལ་དང་། དབྱངས་འཕེལ། བདུད་འདུལ་ལྷ་རྒྱས། ནོར་བཟང་། ཤེས་དབང་རྣམ་རྒྱལ། སྲིད་ཐར་དབང་རྒྱལ་བཅས་རེད།

ནོར་བཟུང་ལགས་ནི་ད་ལྟར་རང་ལོ་༣༥་ཙམ་ཡིན་པ་དང་། ཟླ་བ་༢༧་ཉིན་གྱི་ཕྱི་དྲོར་གར་སོང་ཆ་མེད་དུ་གྱུར་ཡོད་པར་འགྲེལ་བརྗོད་གནང་སོང་། 

བོད་ཀྱི་ལོ་རྒྱུས་ཡིག་ཆ།