20
Fri, Sep

༢༠༡༩ལོའི་ཟླ་༤་ཚེས་༢༦་ཉིན་ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་ལགས་འདས་གྲོངས་སུ་གྱུར་འདུག

བོད་ཀྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༤་ཚེས་༢༦་ཉིན།  བོད་ནས་འབྱོར་བའི་ཡིད་སྐྱོ་བའི་གནས་ཚུལ་ནང་བོད་ཁམས་དཀར་མཛེས་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་ལགས་དེ་རིང་བོད་ནང་ཉིན་གུང་ཆུ་ཚོད་༡༢:༣༠་ཐོག་རྒྱ་ནག་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་འདུག

ཁོང་ནི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན་ནས་རྒྱ་ནག་ལ་ཞི་རྒོལ་བྱས་པས་ ༢༠༡༦ ལོར་བཙོན་དུ་བཅུག ཕྱིས་སུ་ཁོང་བཙོན་ནས་གློད་གྲོལ་ཐོབ་ཡོད་ཀྱང་རྒྱ་གཞུང་གིས་བཙོན་ནས་ཉེས་རྡུང་ཚད་མེད་བྱས་པ་ལས་ནད་པ་ཚབ་ཆེན་ཞིག་ཏུ་གྱུར་ཡོད་འདུག

ཁོང་ལ་ཕྲུ་གུ་བཞི་དང་ཆུང་མ་བཅས་ནང་མི་ལྔ་ཡོད་འདུག

ཞིབ་ཕྲའི་གནས་ཚུལ་རྗེས་སུ་འགོད་ཆོག

ལྷོ་ཕྱོགས་བྱམས་པ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།