18
Thu, Apr

ལོ་ངོ་བཅུའི་ཁྲིམས་ཐག་ལས་བཙོན་གྲོལ་ཐོབ་པའི་རྒྱལ་གཅེས་དཔའ་བོ་བློ་གྲོས་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༣།༡༢ཉིན་སྤེལ། ༢༠༡༨ ལོའི་གསུམ་བཅུའི་དུས་དྲན་ཉིན་རང་དབང་གི་འབོད་སྒྲ་སྒྲོག་མཁན་ལྷ་ས་སེ་ར་དགོན་བྱ་བྲལ་ཁང་ཚན་གྱི་གདོང་མཆོང་དཔའ་བོ་བཅོ་ལྔའི་ནང་གི་ལོ་བཅུའི་ཁྲིམས་ཆད་ཕོག་མཁན་གྱི་རྒྱལ་གཅེས་དཔའ་བོ་བློ་གྲོས་ལགས་བཙོན་གྲོལ་ཐོབ་པའི་གནས་ཚུལ་འདུག

དེ་ཡང་རྒྱལ་གཅེས་དཔའ་བོ་བློ་གྲོས་ལགས་ཀྱི་སྐོར་ལ་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་བརྗོད་པར། "རྫ་ཆུ་ཁ་དབོན་པོ་དགོན་གྱི་དགེ་འདུན་པ་བློ་གྲོས་ལགས་ནི། སྤྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་ཕྱི་དྲོའི་ཆུ་ཚོད་ ༥ པའི་སྟེང་། ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་ནས་ཕྱག་ཏུ་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ། རང་དབང་བདེན་པའི་འབོད་སྒྲ་སྒྲོག་མཁན་ལྷ་ས་སེ་ར་དགོན་བྱ་བྲལ་ཁང་ཚན་གྱི་གདོང་འཆོང་དཔའ་བོ་བཅོ་ལྔའི་ནང་གི་གཅིག་ཡིན་ཞིང་།

དེ་མིན། དཔའ་བོ་བཅོ་ལྔ་ནི་དབོན་པོ་དགོན་པའི་དགེ་འདུན་པ་བརྒྱད་དང༌། མང་དགེ་དགོན་གྱི་དགེ་འདུན་པ་གཅིག ཀ་བཞི་དགོན་གྱི་དགེ་འདུན་པ་གཅིག ལུང་དཀར་དགོན་གྱི་དགེ་འདུན་པ་ལྔ་བཅས་ཡིན་འདུག

དེའི་ནང་ནས་དབོན་པོ་དགོན་གྱི་གྲྭ་བློ་བཟང་དངོས་གྲུབ་དང་། མིང་དགེ་དགོན་གྱི་གྲྭ་བཟོད་པ་གཉིས་ལ་ལོ་ལྔ་རེའི་ཁྲིམས་ཐག་བཅད་པ་དང་། དབོན་པོ་དགོན་གྱི་གྲྭ་བློ་གྲོས་ལ་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་པ་རེད།

དེ་བཞིན། ཕྱི་ལོ་ ༢༠༠༨ ཟླ་ ༠༣ ཚེས་ ༡༦ ཉིན། ལྷ་ས་ནས་འཛིན་བཟུང་བྱས་པའི་དབོན་པོ་བསོད་ནམས་གྲགས་པ་དང་། དབོན་པོ་ཟླ་ཤར་གཉིས་ལ་ཡང་ལོ་བཅུ་རེའི་ཁྲིམས་ཐག་བཅད་དེ་ད་དུང་གློད་གྲོལ་བཏང་མེད་པ་བཅས།།