18
Thu, Apr

གླིང་དང་དགོན་པ་ལོགས་བཀར་གྱི་སྲིད་ཇུས་ལག་བསྟར།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༧།༠༨།༢༤ཉིན་སྤེལ། བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་གི་གླིང་དང་དགོན་པ་ལོགས་བཀར་བྱེད་སྟངས་ཀྱི་རྟོགས་སླའི་ཤོག་བྱང་ཞེས་པའི་བསྒྲགས་ཡིག་ཅིག་སྲིད་གཞུང་གིས་སྤེལ་འདུག

ཉེ་ལམ་རྒྱན་གཞུང་གི་མི་མང་དྲ་བར་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་འབྲེལ་བའི་གནས་ཚུལ་སྤེལ་བར་གཞིགས་ན།
གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འཛིན་སྐྱོང་གནང་ཕྱོགས་ལ་སྔར་མེད་བསྒྱུར་བཅོས་ཀྱིས་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་ཆོས་སྒར་ཞེས་པའི་མིང་འདི་གཉིས་ལོག་ཏུ་བཏོན་སྟེ། གཅིག་ནི་དགོན་པ་དང་གཅིག་ནི་སློབ་གླིང་དུ་བསྒྱུར་སྟེ། དོ་དམ་གྱི་ལས་ཁུངས་ལོགས་སུ་བཟོས་ཤིང་། འགན་འཛིན་དམར་ཤོག་ཚོགས་པའི་ལས་བྱེད་བསྐོ་གཞག་བྱ་རྒྱུ་གཙོས་ཕྱོགས་ཡོངས་ནས་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་ཅིག་གཏན་འབེབས་བྱས་པའི་གནས་ཚུལ་འདུག

དེ་ཡང་།  ཟླ་བ་འདིའི་ཚེས་ ༢༠ ཉིན་དཀར་མཛེས་ཁུལ་གྱིི་དམར་ཤོག་ཚོགས་པའི་ལས་བྱེད་གོ་སྒྲིག་ཚན་པའི་མིང་ཐོག་ནས་འགོ་ཁྲིད་ལས་བྱེད་དེ་དག་གི་མིང་ཕྱིར་བསྒྲགས་བྱས་པ་མ་ཟད། ལས་བྱེད་དེ་དག་དམར་ཤོག་ཚོགས་མི་དང་མི་སྐྱ་རྐྱང་རྐྱང་རེད་འདུག

གཞན་ཡང་། ད་དུང་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེའི་ནང་སློབ་གླིང་དང་དགོན་པ་གཉིས་ལོགས་སུ་དབྱེ་དགོས་དོན་ནི་དགོན་པ་དང་གྲྭ་བཙུན་གྱི་ཁེ་ཕན་ལ་དམིགས་ནས་ལག་བསྟར་བྱས་པ་ཡིན་ཚུལ་དང་། ནང་བསྟན་སློབ་གྲིང་དུ་ལས་བྱེད་དང་གྲྭ་སློབ་ཁྱོན་ ༡༥༠༠ ལས་བརྒལ་མི་ཆོག་པ། བླ་རུང་དགོན་པའི་ལས་བྱེད་དང་གྲྭ་བཙུན་བསྡོམས་མི་གྲངས་ ༣༥༠༠ ལས་བརྒལ་མི་ཆོག་པ། སོ་སོས་མིང་ཐོ་འགོད་པ་དང་ལག་འཁྱེར་བཟོས་རྗེས་ཁྲིམས་ལྟར་ཚད་ལྡན་དང་རྒྱུན་གཏན་ཅན་གྱི་དོ་དམ་བྱས་ཏེ་ཕྱི་ནས་ཡོང་མཁན་མི་སྣ་སྔོན་འགོག་བྱེད་དགོས་པ་སོགས་འཁོད་ཡོད་འདུག

དེ་མིན། གོང་འཁོད་གནས་ཚུལ་དང་འབྲེལ་བར། བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་གི་གླིང་དང་དགོན་པ་ལོགས་བཀར་བྱེད་སྟངས་ཀྱི་རྟོགས་སླའི་ཤོག་བྱང་ཞེས་པའི་བསྒྲགས་ཡིག་ནང་དུ། ༡ ཅིའི་ཕྱིག་གླིང་དང་དགོན་པ་ལོགས་སུ་བཀར་དགོས་པ།
༢ (ཐབས་ཇུས་)ཀྱི་ཆོག་མཆན་ཐོབ་ཚུལ།
༣ (གསེར་རྟ་རྫོང་བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་གི་གླིང་དགོན་ལོགས་བཀར་བྱེད་པའི་ཇུས་གཞི་)བྱེད་བྲག་གི་ནང་དོན་ཅི་ཞིག་ཡིན། ཅེས་དོན་ཚན་ཆེ་ཁག་གསུམ་ཅན་གྱི་ཤོག་ལྷེ་ཞིག་ཀྱང་བཀྲམ་འདུག་ལ།
 
སློབ་གླིང་དང་དགོན་པ་གཉིས་ལོག་བཀར་བྱེད་པའི་ལས་དོན་ནི་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་དགོན་སྐྱོང་བྱེད་པའི་ཐབས་ཇུས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏིང་ཨུའི་རེ་འདུན་ཡིན། ཞེས་བསྒྲགས་གཏམ་ཡིག་ཤོག་གི་དོན་ཚན་དང་པོའི་ནང་དུ་བྲིས་འདུག

དེ་ཡང་། ལོ་སྔོན་མར་རྒྱ་ནག་སྲིད་གཞུང་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བ་ཉུང་འཕྲི་བྱེད་པའི་སྲིད་ཇུས་ཁྱབ་བསྒྲགས་ཀྱིས་གྲྭ་ཤག་མང་པོ་གཏོར་བཤིག་བཏང་བ་དང་། ད་ལོར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་གཞུང་ལམ་འཛུགས་བསྐྲུན་གྱི་བྱེད་པའི་སྲིད་ཇུས་ཤིག་གིས་ལྔ་རིག་ནང་བསྟན་སློབ་གླིང་ནི་ཡུལ་སྐོར་སྤྲོ་འཆམ་བྱེད་སར་བསྒྱུར་ཐབས་སུ་འབད་པ་དང་། ཉེ་ལམ་ཡང་གླིང་དང་དགོན་པ་ལོགས་བཀར་གྱི་སྲིད་ཇུས་ཀྱིས་དེ་གའི་དགོན་པའི་ལས་ཀྱི་སྣེ་མོ་བ་མང་པོ་ཞིག་ནི་དཀར་མཛེས་རྒྱ་ནག་སྲིད་གཞུང་གིས་གཏན་འཁེལ་བྱས་ཤིང་བཀའ་ཁྱབ་བཏང་སྟེ་དམར་ཤོག་ཚོགས་མི་ཡིན་པའི་མི་སྐྱ་ཁ་ཤས་ལས་བྱེད་དུ་གཏན་འབེས་གནང་བ་རེད། འདི་ནི་ཁ་གཅིག་གི་ནང་དུ་ཚིག་དོན་མ་འདྲ་བ་དུ་མ་བྱུང་བའི་རྒྱ་ནག་གི་སྲིད་ཇུས་ཤིག་སྟེ། མི་མང་གི་ཡིད་ཆེས་དང་འཛམ་གླིང་གིས་འཕྱ་སྨོད་དུ་གྱུར་བའི་ལས་གཞི་ཞིག་ཡིན་པ་བཅས།།