16
Tue, Apr

རྒྱ་གཞུང་གིས་དམ་དྲག

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཁོང་ཅག་གིས་དེ་ཅིས་ཀྱང་ལག་བསྟར་བྱེད་དགོས་པ་འདྲ་རེད། དེ་བཞིན་དེ་རིང་ཁ་སང་ནག་ཚོགས་འབུར་འཇོམས་ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་འདུག དེའི་ནང་དུ་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་དང་ལྐོག་འབྲེལ་བྱེད་མཁན་ཚོ་ཡང་ཚོགས་པ་དེའི་ནང་དུ་ཡོད་ས་རེད་ཅེས་མིང་བརྗོད་འདོད་མེད་པའི་བོཔད་མི་ཞིག་གིས་གསུངས་བྱུང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༤་ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐྱད་སྡེ་ཚན་གྱི་གསར་འགྱུར་ལྟར་ན་ཕྱི་ལོ་༢༠༡༧་ལོའི་ཟླ་དགུ་བ་ནས་བཟུང་རྒྱ་ནག་གཞུང་གིས་ཉེན་རྟོག་པས་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ཚོར་བྱེད་མི་ཆོག་པ་དགུ་ཞེས་པའི་སྒྲིག་ལམ་ཞིག་གཏན་འབེབས་བྱས་ཡོད་འདུག་པ་གཤམ་གསལ།

སྐད་འཕྲིན་ཚོགས་གཙོ་དང་ཚོགས་མིས་ངེས་པར་ཤེས་དགོས་པ་དགུ རྒྱ་ཆེ་བའི་དྲྭ་གྲོགས་ལྷན་རྒྱས་ཀྱིས་ད་ནས་བཟུང་སྐད་འཕྲིན་དུ་གཤམ་གསལ་གྱི་ནང་དོན་རིགས་དགུ་གཏན་ནས་བསྐུར་མི་རུང་།

༡ཆབ་སྲིད་ཀྱི་ཚོར་ཤེས་དྲག་ཆེ་བའི་རིགས། ༢ ཁ་འཁྲུག་གཏོར་བརླག་གི་རིགས། ༣ནང་ཁུལ་གྱི་ཡིག་ཆའི་གྲས་སུ་གཏོགས་པའི་རིགས། ༤ ཆགས་སྲེད་དང་། དུག་རྫས། དྲག་ཤུགས་བཅས་ལ་འབྲེལ་བ་ཡོད་པའི་རིགས། ༥ཞང་ཀང་དང་ཨའོ་མིན། ཐའེ་ཝན་བཅས་ཀྱི་གསར་འགྱུར་སྲིད་གཞུང་དྲྭ་བར་སྤེལ་མེད་པའི་རིགས། ༦ དམག་དོན་དང་འབྲེལ་བའི་ཡིག་ཆའི་རིགས། ༧རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ཡིག་ཆའི་རིགས། ༨ཡོང་ཁུངས་མི་གསལ་ཞིང་རྫུན་བཟོ་བྱས་པར་དོགས་པ་ཡོད་པའི་ཉེན་རྟོག་ལ་ཉེས་འགེལ་དང་དམའ་འབེབས་བྱེད་པའི་བརྙན་ཐུང་གི་རིགས། ༩གཞན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འགལ་བའི་ནང་དོན་གྱི་རིགས་བཅས་སོ།

དེ་བཞིན་ད་ཆ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཚེས་ལ་ཉེ་སྐབས་མདོ་སྨད་རེབ་གོང་དང་རྩེ་ཁོག་སོགས་སུ་དམ་དྲག་བྱེད་བཞིན་པ་གནས་ཚུལ་མཁོ་འདོན་པ་ཞིག་གིས་འདི་ལྟར་གསུངས་བྱུང་། “ད་སྐུའི་འཁྲུངས་སྐར་ཚེས་ལ་ཉེ་སྐབས་ཕ་ཡུལ་(རྩེ་ཁོག)་གྱི་ས་ཆ་གང་སར་ཉེན་རྟོག་པ་འགྲེམ་འཇོག་དང་དོ་དམ་བྱེད་བཞིན་འདུག དེ་བཞིན་དྲ་ལམ་དུ་དམ་དྲག་བྱེད་བཞིན་པ་དང་དམིགས་བསལ་སྐད་འཕྲིན་ཚོགས་གཙོ་ཚོར་སྒྲིག་ལམ་གསར་བ་འདྲ་བཞག་ཡོད་པ་དང་། ཁོང་ཅག་གིས་དེ་ཅིས་ཀྱང་ལག་བསྟར་བྱེད་དགོས་པ་འདྲ་རེད། དེ་བཞིན་དེ་རིང་ཁ་སང་ནག་ཚོགས་འབུར་འཇོམས་ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་འདུག དེའི་ནང་དུ་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་དང་ལྐོག་འབྲེལ་བྱེད་མཁན་ཚོ་ཡང་ཚོགས་པ་དེའི་ནང་དུ་ཡོད་ས་རེད།”ཅེས་བཤད་བྱུང་། མ་ཟད། ད་ལྟ་སྐུའི་འཁྲུངས་སྐར་ཚེ་ལ་ཉེ་བའི་སྐབས་འདིར་བོད་ཁུལ་གྱི་ས་ཆ་སོ་སོར་དམ་དྲག་བྱས་དང་བྱེད་བཞིན་ཡོད་འདུག དེ་བཞིན་ཁམས་ལི་ཐང་རྫོང་དུ་དམག་མི་འབོར་ཆེན་འགྲེམ་འཇོག་དང་གལ་སྲིད་གནས་ཚུལ་ཞིག་བྱུང་བའི་དབང་དུ་བཏང་ན་གྲ་སྒྲིག་ཨང་གསར་ཡོད་ཚུལ་གྱི་རྣམ་འགྱུར་ལྡན་པའི་དམག་མི་སོགས། ལམ་མདོ་དང་ས་ཁུལ་ཆེ་ཤོས་ཏེ་མི་མང་འཛོམས་སར་བཞག་ཡོད་འདུག