19
Fri, Apr

དཀའ་བའི་དུས་སུ་གྲོགས་པོའི་བཟང་ངན་རྟོགས། འདམ་རྫབ་ནང་དུ་རྟ་ཕོའི་ཤེད་ཤུགས་ཤེས།

གཏམ་དཔེ་དང་ལེགས་བཤད།
ཡིག་གཟུགས་སྒྲིག་ཆས།

ཀ་ཁ་ག་ང་མ་ཤེས་ན། མི་ལུས་ཐོབ་པ་ཕྱེད་ཀ་ཡིན། ཀ་བ་ལ་འཇག་མའི་ལྷན་པ་མ་རྒྱག ཀ་བར་བསྐོར་ནས་གདུང་མར་བརྡ་བཏབ། ཀ་ར་མེད་ན་གུར་མི་དབུབ། འབངས་དང་བྲལ་ན་དོན་མི་འགྲུབ། ཀརྨ་པ་རྒྱུ་ལ་མ་ཐིགས། འབྲི་གུང་མི་ལ་མ་ཐིགས། འབྲུག་པ་མཐུ་ལ་མ་ཐིགས། ཀུན་དང་མཐུན་པ་མི་ཆོས་རྩ་བ་ཡིན། ཀེར་ལེབ་སྒུར་གསུམ་གྱི་བདག་པོ་ལས། ལུས་ངག་ཡིད་གསུམ་གྱི་སྡོམ་པ་དགའ།

ཀོ་གླ་སྤྲོད་རྒྱུ་དང༌། རྒྱབ་ཆུ་བརྒལ་རྒྱུ།
ཀོ་བ་སྐམ་པོས་སྐུད་མི་ཤེས། སྦང་མ་རློམ་པས་ཆུ་མི་ལེན།
ཀོང་པོ་ཀླུ་ནང་དུ་སླེབས་དུས། ཨ་ཅོས་ཕ་ཡུལ་མི་དྲམ།
ཀོང་པོ་བ་འདྲ་འདྲ་ཡིན་ཀྱང༌། མར་ལྟང་འདྲ་འདྲ་བཀྱག་མི་ཐུབ།
དཀའ་ངལ་ཆེ་དུས་གཡོ་ཟོལ་མི་བྱེད། བདེ་སྐྱིད་བྱུང་སྐབས་བག་ཕེབས་བྱ་དགོས།
དཀའ་བའི་དུས་སུ་གྲོགས་བཟང་ངན་རྟོགས། འདམ་རྫབ་ནང་དུ་རྟ་ཕོའི་ཤེད་ཤུགས་ཤེས།
དཀའ་བའི་བྲག་ལ་མ་ཐུག་ན། བདེ་ཐའི་སྤང་ལ་སླེབས་མི་ཐུབ།
དགའ་ལས་སྐྱ་བས་བརྒྱབས། ལོངས་སྤྱོད་གཟར་པུས་བཏང༌།
དཀའ་ལས་བརྒྱབས་པའི་ཀ་ཅ་དང༌། མཛོ་ཕོ་བསད་པའི་སྡིག་གླ།
དཀའ་ལས་སྔོན་ལ་རྒྱོབས། སྐྱིད་པོ་རྗེས་ལ་གཏོང༌།
དཀའ་ལས་ཆེ་ལ་དོན་གོ་ཆུང༌།
དཀའ་ལས་མ་བརྒྱབ་པར་དངོས་གྲུབ་ག་ནས་ཡོང༌།
དཀའ་ལས་རང་གིས་བརྒྱབས། ལོངས་སྤྱོད་མི་ཡིས་བཏང༌།
དཀར་པོ་བཏབ་སར་དཀར་པོ་ཡོང༌། ནག་པོ་བཏབ་སར་ནག་པོ་ཡོང༌།
དཀར་ཡོལ་ཆག་ཀྱང་རི་མོ་བློ་ལ་ངེས།
དཀོན་མཆོག་གི་ལམ་གང་བསྟན་དང༌། བྱིས་པས་ཁྱི་གང་བཀག་ལས་མེད་པ།
དཀོན་གཉེར་ཕྱིས་བདར་མཁས་དྲག་ན། གསེར་སྐུ་རག་ལ་བཏང་ཡོང་ངོ།
བཀའ་ཤོག་གོ་མ་ཆོད་རྒྱལ་པོའི་ཕྱག་རྩ་དང༌། མནའ་མ་གོ་མ་ཆོད་ཨ་མའི་སྒོ་རྩ།
བཀའ་ཤོག་རྒྱབ་ལ་མི་ཤོག
བཀོད་པའི་ལས་ལ་ལྡོག་ཐབས་མེད། དཔྲལ་བའི་གཉེར་མ་ཕྱིས་པས་མི་དག
བཀོལ་མ་ཤེས་ཡོན་ཏན་ཕན་མེད་རེད། འདེབས་མ་ཤེས་ས་ཞིང་སྟོང་པ་རེད།
བཀྲ་ཤིས་པའི་བྲོ་འཁྲབ་སར། ལྟད་ངན་པའི་ཞབས་བྲོ་མ་རྒྱག
བཀྲ་ཤིས་པའི་རྟེན་འབྲེལ་བྱེད་སར། ལྟད་ངན་པའི་སྐད་ངན་བརྒྱབ།
བཀྲོལ་ལོང་མེད་ནས་འགྲེགས། ཉན་ལོང་མེད་ནས་བཤད།
རྐང་པ་ཆུ་ལ་མ་རེག་པར། ཉ་མོ་ལག་པས་འཛིན་ཐབས་མེད།
རྐང་ལག་ཕྲ་པོར། འཁུར་རྩ་ལྗི་པོ།
རྐུ་རྒྱུས་ཡོད་ཀྱིས་བྱེད། རྫུན་རྒྱས་མེད་ཀྱིས་ཤོད།
རྐུ་མ་ནང་ལ་བཞག  སྒོ་ལྕགས་ཕྱི་ལ་བརྒྱབ།
རྐུ་སེམས་སེམས་ལ་བཅངས་ན་ཐོབ་རྒྱུན་མི་ཆད།
རྐུན་ཇག་བཟུང་ན་གཏེ་པོ་ཟུངས། རྩ་ངན་བཀོག་ན་རྩ་བ་འདོམ།
རྐུན་པོ་གཡག་ལ་དགའ། བླ་མ་རོ་ལ་དགའ།
རྐུན་པོར་རྫུ་འཕྲུལ་གྱི་སྟོབས་ཡོད་ཀྱང༌། བདག་པོར་ཡེ་ཤེས་ཀྱི་སྤྱན་ཡོད།
རྐུན་པོས་གཡག་ལ་བཞོན། གཡག་མགོས་རྟ་རྒྱུགས་བཏང༌།
རྐུན་པོས་སངས་རྒྱས་གར་ཡོད་མི་ཤེས།
རྐུན་མ་བརྐུ་མཁས་ན་རྙེད་པར་འགྲོ། རྙེད་པ་རྙེད་ཉེས་ན་རྐུ་ལ་འགྲོ།
རྐུན་མ་ཁ་སྐྱེངས་ན་མི་གསོད། ཁྱི་ཁ་སྐྱེངས་ན་ཆུ་འཐུང༌།
རྐུན་མ་བྲོས་ཚར་ནས་གྲི་བཏོན་པ་དང་ཁྱད་མེད།
རྐུན་མ་མི་ཤོར་བ་དགོས། རྐུན་རྩད་མི་ཆོད་པ་དགའ།
རྐུན་མ་ལ་དཔགས་པའི་ཆོག་ཤེས།
རྐུན་མ་ལ་དཔའ་དར་དང༌། སྤྱང་ཀི་ལ་ཚེ་ཐར།
རྐུན་མ་ལང་ཤོར་མི་གྲལ་ལ་མི་ཚུད།
རྐུན་མ་ཧམ་ཆེན་གྱིས་མི་གསོད།
རྐུན་ཁ་གྲལ་ལ་མི་ཚུད། ཌ་རུ་རྔ་གྲལ་ལ་མི་ཚུད།
རྐྱང་ཁ་དཀར་བཟུང་ནས་བློ་རྟ་བྱས། འབྲོང་བྲེ་སེར་བཟུང་ནས་སྒོ་ཟོག་བྱས།
རྐྱང་ཕོ་ཧྲེང་ལ་ཆུ་མི་རག  མི་ཕོ་ཧྲེང་མི་ཚེ་མི་འཁྱོལ།
རྐྱང་ལྷོ་ལ་ཤི་ཡང༌། མགོ་བྱང་ལ་ལྟ།
རྐྱང་གོག་མཐིལ་རྡོལ་ནང་དུ། རྩམ་པ་བླུགས་དགོས་མེད།
རྐྱུང་ཀས་སྐྱུང་ཀར་ཕྱ་རེས་མ་བྱེད། མཆུ་ཏོ་དམར་ན་དམར་མཉམ་ཡིན།
ལྐོག་ཏུ་སྤྱོད་ངན་བྱས་ན། ནམ་ཞིག་རྫུན་རྐུབ་བརྡོལ་ཡོང༌།
ལྐུག་པས་ལྐུགས་རྟགས་མ་བསྟན་ན། རྒྱལ་པོའི་སྲས་དང་ནོར་ཉེན་ཡོད།
ལྐུག་པས་སྤྱང་མདོག་བྱས་པ། མངོན་གསལ་གཞན་ལས་དོད་པ།
སྐད་ཆ་བཤད་པ་ལས། དགྲ་འཛིངས་པ་དགའ།
སྐད་སེང་གེ་དཀར་མོ་ཆེ་ཡང༌། ཕན་སྒོ་ཁྱི་ནག་པོ་ཐོགས།
སྐར་མ་ལྔའི་ཨེ་སྒོར། སུས་བཏགས་ཀྱང་ཁྱད་མེད།
སྐལ་བཟང་བདེ་བ་ཅན་གྱི་ཆོས་གྲོགས་ཚོ། མེ་ཏོག་ས་ལ་མ་བཞག་ལྷ་ལ་ཕུལ།
སྐུ་ལུས་གཅིག་ལ་བཀོད་པ་བརྒྱ།
སྐུད་པ་གཅིག་གིས་རས་གོས་མི་ཉན། ཤིང་སྡོང་གཅིག་གིས་ནགས་ཚལ་མི་ཉན།
སྐུད་པ་རིང་པོ་ལམ་ལ་ཟད། མི་ཚེ་རིང་བོ་སྟོང་པར་ཟད།
སྐེ་འཁྱེར་ནས་ཞགས་པ་ཉོས།
སྐེ་དེ་ལས་རིང་ན་ཡི་དྭགས་དང༌། གཏིང་དེ་ལས་རིང་ན་དམྱལ་བ།
སྐེ་འདོད་ནས་སྦ་བ་མི་འདོད་པ་བྱེད་ཡག་མེད།
སྐོག་ཁ་བཙན་པོ་ལའང་གཏོང༌། ངོ་དགའ་ལྐུག་པ་ལའང་བྱེད།
སྐོམ་དུས་ཆང་གིས་མ་ཕན་ན། རྫ་མའི་ཐིམབུ་བརྡོལ་ཡང་བརྡོལ།
སྐྱ་ཁ་ལ་མཛེས་པ། ཐང་ཤིང་ལ་སྤམ་པ།
སྐྱ་་ག་མཛེས་ཀྱང་མནའ་མ་མི་ཡོང༌། བུ་མོ་མཛེས་ཀྱང་ཡོན་ཏན་ལྡན་དགོས།
སྐྱ་རེངས་ནམ་མཁའ་ལངས་པར། ཁྲི་གདུགས་ཉི་མ་ཤར་ཐབས་མེད།
སྐྱག་པ་སྐམ་པོ་ཆུས་འཁྱེར་ཀྱང༌། སྡེ་བ་གཞུང་གིས་ཀོ་བ་མི་གཏོང༌།
སྐྱག་པ་བྲོན་གསང་སྤྱོད་དྲན།
སྐྱག་རྫུན་སྐད་ཆའི་འགྲོ་ཕྱོགས། མནའ་སྐྱེལ་བསམ་དོན་འགྲུབ་ཚོད།
སྐྱག་རྫུན་དཔོན་གྱིས་བཤད། ཉེས་པ་གཡོག་ལ་བཀའ།
སྐྱིད་ཀྱི་རྟ་པོ་མཉམ་བཞོན། སྡུག་གི་ཁུར་པོ་མཉམ་འཁུར།
སྐྱིད་ཉི་མ་གཉིས་ལ་ཤར་དུས་དང༌། སྡུག་མུན་པ་གཉིས་ལ་སེལ་དུས་མེད།
སྐྱིད་ཐག་རིང་བ་ལས། སྡུག་ཐག་ཐུང་བ་དགའ།
སྐྱིད་ཐག་རིང་བའི་ཐབས་དང༌། སྡུག་ཐག་ཐུང་བའི་བློ་དགོས།
སྐྱིད་དུས་འགོ་འཕང་མ་མཐོ། སྡུག་དུས་རང་སེམས་མ་ཞུམ།
སྐྱིད་དུས་རྟ་ལ་བཞོན་ན་རྐུབ་ན། སྡུག་དུས་ཁ་ཕུག་ལོག་ནས་གླུ་བཏང༌།
སྐྱིད་དུས་མི་དང་བསྟུན་དགོས། སྡུག་དུས་རང་མགོ་ཐོན་དགོས།
སྐྱིད་འདོད་ན་རྒས་པོའི་ཆུང་མ་བྱེད།
སྐྱིད་སྡུག་གང་ཡིན་གཞས་ཀྱིས་ཤེས། ལུང་པ་གང་ཡིན་སྐད་ཀྱིས་ཤེས།
སྐྱིད་སྡུག་ཞུ་ས་དཔོན་པོ། གྲང་ལྟོགས་ཞུ་ས་ཕ་མ།
སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང༌། བློ་རྩེ་གཅིག་ལ་བསྒྲིལ་བ་དགོས།
སྐྱིད་ན་ནམ་མཁའི་བྱ་ཡང་འཁོར། སྡུག་ན་རང་གི་བུ་ཡང་བྲོས།
སྐྱིད་པའི་རེ་བ་བྱས་ཀྱང༌། སྡུག་གི་འཕྲང་ལས་མི་ཐར།
སྐྱིད་པོ་ཆོས་ལ་ཡང་མི་འདུག  སྡུག་པོ་བླ་མས་བཏང་བྱུང༌།
སྐྱིད་པོ་རང་གིས་མ་བྱས་ན། སྡུག་པོ་མི་ཡིས་གཏོང་གི་རེད།
སྐྱིད་པོ་ཤ་བོའི་རྭ་ལས་རིང༌། སྡུག་པོ་དགོ་ཕོའི་ཤུན་ལས་མང༌།
སྐྱིད་པོའི་ཁ་བཤད་དེ། སྡུག་པོའི་སྐྱོ་རོགས་མི་ཡོང༌།
སྐྱིད་པོར་ཉིས་རྩེགས་མེད་པའི། སྡུག་པོར་གསུམ་རྩེགས།
སྐྱིད་མ་དེ་སེམས་གཅོང་ཟུག་གཟེར་དེ། སྨན་བཟང་དྲུག་ནུས་པས་སེལ་རྒྱུ་མེད།
སྐྱིད་མི་སྐྱིད་རང་གི་བསམ་བློ་རེད། དྲོ་མི་དྲོ་ཉི་མའི་ལག་ལ་ཡོད།
སྐྱིད་རེ་སྡུག་རེ་མྱངས་ན། སྐྱིད་སྡུག་དབྱེ་བ་འབྱེད་མི་ཤེས།
སྐྱིད་པ་ཆུ་ཡིན་ཡང་སླ་རུ་མ་ཐོངས།
སྐྱིད་བྲོ་ན་ཡང་ཨ་ཕའི་ལྟོ་ཕོར་རེད།
སྐྱུར་པོ་གཅིག་དང་ཕྲད་ན། མངར་མོ་ཐམས་ཅད་ཅང་ཅང་ཡིན།
སྐྱེ་དོན་མེད་པའི་ཤིང་གཅིག་ལ། བབས་དོན་མེད་པའི་བྱ་གཅིག་བབས།
སྐྱེ་བོ་ཁ་མང་ལ་བདེན་པའི་ཚིག་ཡོད།
སྐྱེ་བོ་ངན་པར་ལབ་གླེང་མང༌། ཆུ་བོ་རྙོག་མར་འདམ་སྙིགས་མང༌།
སྐྱེ་ས་མཐོ་བོ་ལ་ཁའི་འཇག་མ། མཐོ་ཡང་མི་ཕན་སྒོ་རྒྱབ་ཀྱི་ཕྱགས་མ།
སྐྱེས་པའི་མི་ལ་གྲངས་པའི་གཏམ་དགོས། བྱས་པའི་ལས་ལ་གྲུབ་པའི་མཐའ་དགོས།
སྐྱེས་སས་ཡང་འཐེན། སྤྱོད་པས་མར་འཐེན།
སྐྱོ་དུས་མི་ཕན་ཆུང་འདྲེས་ཁྱི་ལས་ལོད། ལྟོགས་དུས་མི་ཕན་ཟས་ཀྱི་ཅི་ཞིག་བྱེད།
སྐྲ་བཞར་ནས་ཚེས་གྲངས་བལྟ།
བརྐྱངས་ན་མདའ་ཉན་པ། བཀུག་ན་གཞུ་ཉན་པ།
བསྐོར་ས་རི་ལ་བསྐོར་ཀྱང༌། ལྡིང་ལ་གླ་བར་ལྡིང༌།

ཡོང་ཁུངས། བོད་ཀྱི་གཏམ་དཔེ་དཔེ་དེབ།