ཁ་པར་བེད་སྤྱོད་གཏོང་བར་མ་ཤེས་ཐབས་མེད་ཀྱི་རྒྱུན་ཤེས་འགའ།

ཆེད་བརྗོད་རྩོམ་ཡིག
ཡིག་གཟུགས་སྒྲིག་ཆས།

ལག་འཁྱེར་ཁ་པར་དང་སིམ་(SIM)གྱིས་བདག་པོ་ངོས་འཛིན་བྱེད་ཐུབ་པ་མ་ཟད། བདག་པོ་གནས་གང་ཡོད་པ་དང་གསང་བའི་བྱ་བ་ཅི་ཞིག་བྱེད་ཀྱིན་ཡོད་པ་སོགས་ལྐོག་ཉན་བྱེད་ཐུབ་ཀྱི་ཡོད། ཁྱེད་ཀྱི་སིམ(SIM)དང་ལག་འཁྱེར་ཁ་པར་གྱིས་ཁྱེད་རང་ངོས་འཛིན་བྱེད་ཐུབ།

མི་རྣམས་ཀྱིས་རྟག་པར་ཁྱེད་ལ་ཁ་པར་འབྲེལ་མཐུད་ཀྱི་ཞབས་ཞུ་སྤྲོད་མཁན་ནམ་སྲིད་གཞུང་གིས་སིམ་ཀར་སྒྲི་གཅིག་པོ་བརྒྱུད། ཁྱེད་རང་ངོས་འཛིན་པའམ་ཁྱེད་ཀྱི་སྡོད་གནས་རྗེས་འདེད་གཏོང་གི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། དེ་བས་མི་མང་པོས་སོ་སོའི་སིམ་ཀར་སྒྲི་དེ་ཡང་ནས་ཡང་དུ་བརྗེ་ཀྱི་ཡོད་མོད། ཁ་པར་དེ་མུ་མཐུད་དུ་ཉར་ནས་བེད་སྤྱོད་གཏོང་གིན་ཡོད། བྱེད་སྟངས་དེ་ནོར་བ་རེད། གང་ཡིན་ཞེ་ན། ཁྱེད་ཀྱི་སིམ་ཀར་སྒྲིས་ཁྱེད་ཀྱི་གནས་ཚུལ་ཉར་ནས་ཁྱེད་རང་ངོས་འཛིན་ཐུབ་པ་དང་། དེ་བཞིན་ལག་འཁྱེར་ཁ་པར་ལ་དམིགས་བསལ་ཨང་གྲངས་རེ་ཡོད་ཅིང་། དེ་ལ་རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས(International Mobile Equipment Identity)ཟེར། དེས་ཁྱེད་ཀྱི་ཁ་པར་ངོས་འཛིན་ཐུབ། http://www.youtube.com/watch?v=Rky-vwPc5IE

དེ་བས་རྒྱུན་དུ་ཡིད་གཟབ་དགོས་པའི་དོན་གནད་བཞི་ནི། ༡ སྔར་འདོན་བྱས་ཟིན་པའི་སིམ་ཀར་སྒྲི་ཉོས། གལ་སྲིད་ཐབས་ཤེས་ཡོད་ན། སིམ་ཀར་སྒྲི་དེ་ཁྱེད་རང་གི་མིང་ཐོག་ཐོ་འགོད་བྱེད་རྒྱུ་གཡོལ། ༢ གལ་སྲིད་དགོས་གལ་བྱུང་ན། གཡུག་དགོས་རུང་འགྱོད་པ་མེད་ཆེད་རིན་གོང་ཆུང་བའི་ལག་འཁྱེར་ཁ་པར་ཉོས། ༣ གལ་སྲིད་ཁྱེད་རང་ལ་གཞན་གྱིས་རྗེས་འདེད་གཏོང་གི་ཡོད་པའི་དོ་སྣང་བྱུང་ན། སིམ་ཀར་སྒྲི་གཅིག་པོ་བརྗེས་བ་ཙམ་མ་ཡིན་པར། ཁ་པར་དང་ཡང་ཁ་འབྲལ་དགོས། ༤ ལག་འཁྱེར་ཁ་པར་ཐོག་གལ་གནད་ཆེ་བའི་གནས་ཚུལ་རིགས་བརྒྱུད་སྤྱོད་བྱེད་མི་ཉན།

ལག་འཁྱེར་ཁ་པར་གྱིས་ཇི་ལྟར་རྗེས་འདེད་གཏོང་ཐུབ་བམ། ཁྱེད་ཀྱི་ལག་འཁྱེར་ཁ་པར་སྒོ་ཕྱེས་པའི་སྐབས་སུ། དེའི་དྲ་ལམ་གྱིས་ཁྱེད་རང་སྡོད་གནས་ཤེས་ཀྱི་ཡོད་ལ། ཐག་ཉེར་ཡོད་པའི་ཁ་པར་གྱི་གློག་མདོང་བརྒྱུད་ཁྱེད་ཀྱི་ཁ་པར་གྱི་བརྡ་རྟགས་ཐོ་འགོད་བྱེད་ཐུབ་ཀྱི་ཡོད། མི་ཚོགས་མང་པོའི་ཁྲོད་དུ་བར་ཐག་རྨིད་ཀྲི་ཁ་ཤས་ཀྱི་ནང་ཁྱེད་ཀྱི་སྡོད་གནས་དེ་རྙེད་ཐུབ་ཀྱི་ཡོད། ཡིན་ནའང་། ཁ་པར་གྱི་གློག་མདོང་ཁ་ཤས་ལས་མེད་པའི་གྲོང་གསེབ་ཏུ། རྨིད་ཀྲི་བརྒྱ་ཕྲག་གི་བར་ཐག་ཁྲོད་ཁྱེད་ཀྱི་སྡོད་གནས་རྙེད་ཐུབ་པ་དང་། གལ་སྲིད་ཁྱེད་ཀྱིས་ཁ་པར་ལེན་པའམ་གཏོང་བ། འཕྲིན་ཐུང་ལེན་པའམ་གཏོང་བ་སོགས་གང་བྱས་རུང་། དེའི་སྐབས་ཀྱི་ཁྱེད་ཀྱི་སྡོད་གནས་དེ་དྲ་ལམ་གྱི་ཐོ་ངོས་སུ་འགོད་ཀྱི་ཡོད། འདི་ནི་ཁ་པར་དྲ་ལམ་གྱི་འགུལ་བསྐྱོད་ཅིག་ཡིན་པ་ལས་དམིགས་བསལ་གྱི་དོགས་སྲུང་བྱ་ར་ལྟ་བུ་མིན་པ་ཐུགས་ལ་ངེས་དགོས། དྲ་རྒྱ་ཚང་མས་ཁྱེད་ཀྱི་བརྡ་རྟགས་འཛིན་ཐུབ་པས་ཁྱེད་ལ་འཇབ་རྒོལ་བྱེད་པར་བེད་སྤྱོད་གཏོང་ཆོག་ཆོག་ཡིན་པ་ཤེས་པར་བྱ་རྒྱུ་ཧ་ཅང་གལ་ཆེ།http:www.youtube.com/embed/Rky-vwPc5IE" frameborder="0"

རྗེས་འདེད་ཀྱི་སྐོར་ལ་དྲན་པ་ཉེ་བར་འཇོག་དགོས་པའི་དོན་ཚན་འགའ། ༡ ཁ་པར་དྲ་རྒྱ་བཀོལ་སྤྱོད་མཁན་གྱིས་སིམ་ཀར་སྒྲི་འཕར་མ་ཉོར། རྒྱུ་མཚན། དེས་ཁྱེད་ཀྱི་རྒྱུན་སྤྱོད་སིམ་ཀར་སྒྲི་དེ་བརྗེས་ན་ཆོག ད་དུང་ཐུབ་ན། ལག་འཁྱེར་ཁ་པར་གཅིག་ལས་མང་བ་ཉོར། ༢ ཁྱེད་ཀྱི་སྡོད་གནས་ལ་རྗེས་འདེད་གཏོང་མི་ཐུབ་པ་དང་ལག་འཁྱེར་ཁ་པར་གྱི་བརྡ་རྟགས་འཛིན་མི་ཐུབ་པ་བཟོ་སླད། ཚོགས་འདུར་འགྲོ་བའམ་ཚོགས་འདུ་ནས་ཡོང་དུས། སིམ་ཀར་སྒྲི་དང་ཁ་པར་གཉིས་ཀ་རང་ཉིད་དང་ཁ་བྲལ་དགོས།

ལག་འཁྱེར་ཁ་པར་གྱིས་ཇི་ལྟར་ལྐོག་ཉན་བྱེད་ཐུབ་བམ། སྤྱིར་བཏང་གི་བཀོལ་སྤྱོད་ཁྲོད། ཁྱེད་ཀྱིས་བཏང་བའི་འཕྲིན་ཐུང་དང་ཁ་པར་གཉིས་ཁྱེད་ཀྱི་དྲ་ལམ་ཉར་མཁན་དེས་ཐོ་འགོད་བྱེད་ཐུབ་ཀྱི་ཡོད། ད་དུང་། ཁ་པར་ལྐོག་ནས་ཉན་པ་དང་སྒྲ་ལེན་པ། སྒྲ་བླངས་ནས་གཞན་ལ་གཏོང་བ་སོགས་བྱེད་ཐུབ། ཁྱེད་ཀྱིས་སོ་སོའི་ཁ་པར་བེད་སྤྱོད་གཏོང་གི་མེད་རུང་། ལག་འཁྱེར་ཁ་པར་དག་གི་ནང་ངོས་སུ་ཁྱེད་ཀྱི་གླེང་མོལ་གཞན་གྱིས་ཉན་ཐུབ་པའི་སྒྲ་སྐྱེད་ཁ་པར་ཆུང་ཆུང་དེ་འདྲ་ཡོད་པ་རེད། དཔེར་ན། གལ་སྲིད་ཁྱེད་རང་གྲོགས་པོ་འགར་ཐུག་ནས་གླེང་མོལ་བྱེད་ཀྱི་ཡོད་ཅིང་། ཁྱེད་ཀྱི་ཁ་པར་མདུན་གྱི་ཅོག་ཙེའི་ཐོག་ཡོད་ན། གཞན་གྱིས་ཁྱེད་ཚོའི་གླེང་མོལ་ལ་ལྐོག་ཉན་བྱེད་པ་མ་ཟད་སྒྲ་འཇུག་ཀྱང་བྱེད་ཐུབ་ཀྱི་ཡོད། ཉེན་ཁ་འདི་ལས་གཡོལ་ཐབས་ནི་ལག་འཁྱེར་ཁ་པར་གྱི་སྒོ་བརྒྱབ་པ་ཙམ་མ་ཡིན་པར། གློག་རྫས་ཕྱི་རུ་འདོན་དགོས།