19
Fri, Apr

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མེ་ཁུ་པོམ་པེ(Mike Pompeo)མཆོག་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་པ་ཌེ་ཇ་ཝ་ལི་(Pradeep Gyawali)མཆོག་རྣམ་གཉིས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་ཚེས་༢༡་ཉིན་སྤེལ། ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མེ་ཁུ་པོམ་པེ(Mike Pompeo)མཆོག་གིས་བལ་ཡུལ་ནང་ཡོད་པའི་བོད་མི་ཚོར་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་བཀུར་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྐད་ཡིག་སྲུང་སྐྱོབ་དང་འགྲུལ་བཞུད་རང་དབང་། དེ་བཞིན་མཐོ་སློབ་ནང་བོད་ཕྲུག་འཛུལ་ཞུགས་ཆོག་པའི་ཐོབ་ཐང་བཅས་ཀྱི་གནད་དོན་ཐོག་བཀའ་མོལ་བྱུང་ཡོད་པ་དང་། བལ་ཡུལ་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་པ་ཌེ་ཇ་ཝ་ལི་(Pradeep Gyawali)མཆོག་གིས་བོད་མི་བཙན་བྱོལ་བ་རྣམས་བལ་ཡུལ་ནས་བོད་དུ་ཕྱིར་གཏོང་རྒྱུ་མིན་པའི་ཁས་ལེན་གནང་འདུག

དེ་ཡང་། བལ་ཡུལ་ཀ་ཐི་མན་ཏོའི་དྲ་རྒྱ་(The Kathmandu Post)་ཐོག་ཏུ་གནས་ཚུལ་བཀོད་བར་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེ་ཁུ་པོམ་པེ་(Mike Pompeo)མཆོག་གིས་བལ་ཡུལ་གྱི་སྲིད་བློན་ཀེ་པི་ཤར་མ་ཨོ་ལི( KP Sharma Oli) མཆོག་གིས་སྲིད་བློན་གྱི་ལས་འགན་བཞེས་ནས་ལོ་གཅིག་འཁོར་བའི་དུས་ཚིགས་ལ་འཚམས་འདྲི་ཞུས་ཡོད་པ་དང་། 

སྔ་ལོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེ་ཁུ་པོམ་པེ་(Mike Pompeo)མཆོག་གིས་ཕྱི་སྲིད་བློན་ཆེན་ཌེ་ཇ་ཝ་ལི་(Pradeep Gyawali)་མཆོག་ལ་མཇལ་འཕྲད་སྐབས་བལ་ཡུལ་ནང་ཡོད་པའི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐོག་མུ་མཐུད་ནས་སྲུང་སྐྱོབ་བྱེད་རྒྱུ་དང་། ལྷག་པར་དུ་བོད་ནས་ཡོང་བའི་བོད་མི་ཚོ་ཡང་བསྐྱར་བོད་ནང་ཕྱིར་ལོག་མི་བྱེད་རྒྱུ་ལ་དགའ་བསུ་ཞུ་ཡི་ཡོད། བོད་མི་ཚོར་བོད་ནང་དུ་ཆོས་དད་རང་དབང་མེད་པ་དང་། རིག་གཞུང་དང་སྐད་ཡིག་བཅས་ལ་སྲུང་སྐྱོབ་བྱེད་པའི་རང་དབང་མེད་ཅེས་གསུངས་འདུག

བལ་ཡུལ་གྱི་ས་གནས་ཁག་༡༢་ནང་དུ་བོད་མི་གཅིག་ཁྲི་གཅིག་སྟོང་ཙམ་ཡོད་འདུག

ཨ་རི་གཞུང་ཕྱོགས་ནས་མུ་མཐུད་དེ་བལ་ཡུལ་དུ་ཡོད་པའི་བོད་མི་ཚོར་འགྲོ་བསྐྱོད་རང་དབང་དང་ལས་ཀ དེ་བཞིན་སློབ་སྦྱོང་ཆེད་དུ་སྐྱབས་བཅོས་ལག་འཁྱེར་གནང་དགོས་པར་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད། བལ་ཡུལ་གྱིས་༡༩༩༥ལོ་ནས་བཟུང་བོད་མི་ལ་སྐྱབས་བཅོལ་ལག་འཁྱེར་སྤྲད་རྒྱུ་དེ་མཚམས་བཞག་ཡོད་པ་དང་། བལ་ཡུལ་ནང་བཞུགས་ཡོད་པའི་བོད་མི་རྣམས་སྐྱབས་བཅོལ་བ་ཡིན་པར་ངོ་འཛིན་བྱེད་ཀྱི་མེད་པ་རེད།

བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ཁས་ལེན་བྱས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་གནོད་ཤུགས་ཀྱི་དབང་གིས་བལ་ཡུལ་ནང་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་དང་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་གང་སྤེལ་བ་ཡིན་ནའང་བཀག་སྡོམ་བྱས་ཡོད།