16
Mon, Dec

ཊོམ་ཕུ་བསྐྱར་དུ་ཀིམ་ཇོན་ཨིན་ལ་ཐུག་འཆར།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༨ ཟླ་༩ ཚེས ༡༠་ཉིན། སེ་ཨིན་ཨིན་(CNN)སོགས་གསར་ཁང་ཁ་ཤས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཁོ་རེ་ཡས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་བའི་ལས་གཞི་མངོན་གསལ་དོད་པོས་འགོ་རྩོམ་རྒྱུ་མེད་ནའང་། ཨ་རིའི་སྲིད་འཛིན་ཊོན་ཕུ་བསྐྱར་དུ་བྱང་ཁོ་རེ་ཡའི་སྲིད་འཛིན་ཀིམ་ཇོན་ཨིན་ལ་ཐུག་འཆར་ཡོད་པ་དང་། ཐེངས་འདིའི་ཐུག་འཆར་ལ་ཨ་རིའི་བདེ་སྲུང་ལས་ལས་ཁུངས་ཀྱི་སློབ་སྟོན་པ། ཇོན། བྷལ་ཊོན་(John Bolton)གྱིས། ང་ཚོས་ད་དུང་ཡང་བྱང་ཁོ་རེ་ཡ་ནས་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་ལས་གཞི་དེར་ངང་སྒུག་བྱས་ནས་བསྡད་ཡོད་ཅེས་བཤད་ཡོད་ཀྱང་། ཊོམ་ཕུ་ཡིས་ཡོངས་ཁྱབ་ཀྱི་སྒོ་ནས་ཀིམ་ཇོན་ཨིན་ལ་ཐུག་འཆར་གནང་འདུག

དེ་ཡང་། ཊོམ་ཕུར་ཀེམ་ཇོན་ཨིན་ནས་ཡི་གེ་ཞིག་འབྱོར་ཡོད་པ་དང་། ཡི་གེ་དེ་ནི་བཟང་ཕྱོགས་ཤིག་ཏུ་ངོས་འཛིན་གནང་འདུག་ཅིང་། ཕོ་བྲང་དཀར་པོའི་ངོས་ནས་ཀྱང་བསྐྱར་དུ་ཀིམ་ཇོན་ཨིན་ལ་ཐུག་པའི་གྲ་སྒྲིག་གནང་གི་ཡོད་ཚོད་འདུག་ཀྱང་། ད་དུང་དུས་ཚོད་ནམ་ཞིག་ཏུ་ས་ཆ་གང་ཞིག་ནས་ཐུག་རྒྱུ་ཡིན་པའི་སྐོར་གསལ་པོར་བརྗོད་ཀྱི་མི་འདུག ཀིམ་གྱིས་ཊོམ་ཕུ་ལ་བསྐུར་བའི་ཡི་གེ་དེ་ནི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་ལས་གཞི་དང་འབྲེལ་བ་ཆེར་མེད་སྟབས། ཕོ་བྲང་དཀར་པོའི་ངོས་ནས་ཐེངས་འདིའི་ཀིམ་ལ་ཐུག་འཕྲད་བྱེད་པ་འདི་ནི། བྱང་ཁོ་རེ་ཡས་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་ལས་གཞིའི་འགོ་རྩོམ་པ་ཞིག་ཡིན་པར་རེ་བ་བྱེད་ཀྱིན་འདུག དེ་བཞིན་ཊོམ་ཕུས་ཀྱང་ཀིམ་གྱིས་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་ལས་གཞི་འགོ་བརྩམས་པ་ཡིན་ན། ཕན་ཚུན་ཐུག་འཕྲད་ཀྱི་སྒོ་མོ་ཡངས་པོར་ཕྱེས་ཡོད་པ་དང་། དེ་མིན་ཐུག་འཕྲད་བྱ་རྒྱུ་ཁག་པོ་ཡིན་པའི་སྐོར་ཡང་བརྗོད་འདུག

ལོ་འདིའི་ཟླ་བཞི་པའི་ནང་དུ། ལྷོ་ཁོ་རེ་ཡའི་སྲིད་འཛིན་མོན་ཇེ་ཨིན་(Moon Jae-in)དང་བྱང་ཁོ་རེ་ཡའི་སྲིད་འཛིན་ཀིམ་ཇིན་ཨིན་གཉིས་ཐུག་འཕྲད་གནང་སྐབས། ལྷོ་ཁོ་རེ་ཡ་ཡིས། བྱང་ཁོ་ར་ཡ་ནི་ཕོ་བྲང་དཀར་པོ་ལ་ཡིད་ཆེས་གཡོ་བ་མེད་པ་འདུག་ཅེས་བརྗོད་འདུག་ཅིང་། སྐབས་དེར། ཀིམ་ཇིན་ཨིན་གྱིས་བྱང་ཁོ་རེ་ཡ་ནི་རྡུལ་ཕྲན་མཚོན་ཆ་མེད་པའི་གནས་ཤིག་ཏུ་བསྒྱུར་ཐུབ་ཅེས་ཀྱང་བརྗོད་འདུག

ད་དུང་། འདས་པའི་བདུན་ཕྲག་འདིའི་གཟའ་ལྷག་པར་ལྷོ་ཁོ་རེ་ཡའི་སྐུ་ཚབ་ཆུན་ཡུན་ཡོན་(Chung Eun-yong)བྱང་ཁོ་རེ་ཡའི་རྒྱལ་ས་ཕན་ཡང་(Pyongyang)ནས་ཀིམ་ཇིན་ཨིན་ལ་ཐུག་རྗེས། “ཨ་རི་དང་བྱང་ཀོ་རེ་ཡ་གཉིས་ཀྱི་འབྲེལ་མོལ་ལ་དཀའ་ཁག་ཅི་ཙམ་ཆེའང་། བྱང་ཀོ་རེ་ཡས་ཕོ་བྲང་དཀར་པོར་བཅངས་པའི་ཡིད་ཆེས་དེ་ནི་མུ་མཐུད་ནས་གནས་ངེས་རེད།” ཅེས་བརྗོད་འདུག་ཅིང་། བྱང་ཀོ་རེ་ཡའི་རྒྱལ་སྟོན་ཉིན་མོར་ཡང་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་ལས་རིམ་ཅི་ཡང་བསྟན་མི་འདུག

དེར་བརྟེན། དཔྱད་བརྗོད་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ན། ཐེངས་འདིའི་ཊོམ་ཕུར་དང་ཀིམ་ཇིན་ཨིན་གཉིས་ཐུག་འཕྲད་ལ་བརྟེན་ནས། བྱང་ཀོ་རེ་ཡ་ནི་རྡུལ་ཕྲན་མཚོན་ཆ་མེད་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བའི་རེ་བ་དང་ཚོད་དཔག་གནང་གི་འདུག