16
Tue, Apr

༢༠༡༩ལོའི་ཟླ་༧་ཚེས་༢་ཉིན། ཊི་བི་འགོག་ཆེད་དུ་བུད་མེད་སིལ་སྤོལ་འགྲན་བསྡུར་འགོ་བཙུགས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ ཟླ་ ༧ ཚེས་༢་ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་སིལ་སྤོལ་ཐང་དུ་གློ་ནད་ཊི་བི་འགོག་ཆེད་དུ་བུད་མེད་སིལ་སྤོལ་འགྲན་བསྡུར་ཐེངས་དང་པོ་དེ། འཕྲོད་བསྟེན་ལས་ཁུངས་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་སོང་།

དེ་ནི་མ་འོངས་པར་བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྤྱི་ཡོངས་ནས་ཡར་རྒྱས་གཏོང་ཐབས་དང་། དེ་བཞིན་བུད་མེད་ནུས་སྟོབས་གོང་སྤེལ་གཏོང་སླད་བཅས་ཡིན་པར་བརྗོད་སོང་།

དེ་ཡང་། བུད་མེད་སིལ་སྤོལ་འགྲན་བསྡུར་དེ་ནི་ཚེས་༢ ནས་ ༦ བར་ཡིན་པ་དང་། ལས་གཞི་འདིར་ཏཱ་ལའི་བླ་མ་དགེ་རྩ་༼HHDLCT༽ཚོགས་པ་ནས་རོགས་དངུལ་གནང་བཞིན་ཡོད་འདུག རྩེད་འགྲན་འདིའི་ནང་བལ་ཡུལ། སྦེལ་ཀོབ། ལྡེ་ར་ལྡུན་༼Clement Tovn༽ སྦིར་བཅས་ནས་རུ་ཁག་རེ་རེ་དང་། གཞན་རྡ་ས་ས་གནས་ནས་རུ་ཁག་གསུམ་བཅས་ཁྱོན་བསྡོམས་རུ་ཁག་བདུན་འཛུལ་ཞུགས་གནང་འདུག

ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་པའི་སྤྱི་ཚོགས་ནང་ད་ལྟའང་ཊི་བི་ནད་གཞི་དར་ཁྱབ་འགྲོ་བཞིན་ཡོད་པ་སོང་ཙང་། ད་རེས་ཀྱི་ལས་གཞི་འདིའི་བརྒྱུད་ཊི་བི་༼TB༽ནད་གཞིའི་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་ཡིན་པར་མ་ཟད། བུད་མེད་ན་གཞོན་གྱི་ནང་རྩེད་རིགས་ལ་དོ་དབྱིངས་སླེབས་རྒྱུ་དང་། རྒྱུན་གཏན་འཚོ་བའི་ཁྲོད་སོ་སོ་རང་ཉིད་ཀྱི་འཕྲོད་བསྟེན་ལ་དོ་སྣང་དང་། མ་འོངས་པར་ང་ཚོའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྤྱི་ཡོངས་ནས་ཡར་རྒྱས་གཏོང་ཐབས་དང་། དེ་བཞིན་བུད་མེད་ནུས་སྟོབས་གོང་སྤེལ་གཏོང་སླད་བཅས་ཡིན་འདུག