19
Fri, Apr

༢༠༡༩ལོའི་ཟླ་༥་ཚེས་༡༧ཉིན། རྡ་སར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཐོག་བགྲོ་གླེང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༥་ཚེས་༡༧ཉིན། བཞུགས་སྒར་རྡ་སར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གློད་གྲོལ་ནི་ད་ལྟའི་བོད་པའི་སྤྱི་ཚོགས་དང་། ཆབ་སྲིད། ཆོས་ལུགས་བཅས་ཀྱི་གནས་བབ་ལ་གལ་འགངས་ཆེ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་སོང་།

དེ་ཡང་བགྲོ་གླེང་དེ་ནི་རྡ་སའི་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཚོགས་སོང་བ་དང་། དེའི་ཐོག་ཚོགས་བཅར་བ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཕེབས་གནང་འདུག

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུས་ཀུན་གཟིགས་པཎ་ཆེན་སུ་ཡིན་དང་། བརླགས་དགོས་དོན་དང་རྒྱུ་མཚན་སོགས་ཀྱི་སྐོར་དང་། དེ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་ཆེན་ཆོས་འཚོ་ནས་པཎ་ཆེན་མཆོག་བཙལ་དགོས་པ་དང་། ཁོང་གི་ཆེད་དུ་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པར་མ་ཟད། གཞུང་དང་དམངས་གཉིས་ཀྱི་བསམ་བློ་གཅིག་མཐུན་དགོས་པ་གསུངས་སོང་། དེ་བཞིན་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ནས་པཎ་ཆེན་ཁོང་གི་མཛད་རྗེས་དང་། མི་རིགས་ལ་གལ་ཆེན་ཡིན་པ་མ་ཟད་ཁོང་གི་བཀའ་སློབ་རྣམས་ཡིད་ལ་བཟུང་དགོས་པའི་སྐོར་བཅས་གསུངས་སོང་།

དེ་ནས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་བསྟི་གནས་ཀྱི་འགན་འཛིན་ཀརྨ་ལེགས་བཤད་ནས་པཎ་ཆེན་རིན་པོ་ཆེའི་ཐོག་ལ་ཡིག་ཆ་ཚད་དང་ལྡན་པ་ཞིག་བཟོ་ཐུབ་ན་ཡག་པོ་འདུག་ཅེས་གསུངས་སོང། དེའི་རྗེས་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཀྱི་འགན་འཛིན་བསྟན་འཛིན་ལྷ་མཛེས་ནས་པཎ་ཆེན་མཆོག་གིས་ད་བར་བོད་ནང་དུ་སྐད་ཡིག་ཐོག་ཡར་རྒྱས་ཧ་ལས་པ་གནང་ཡོད་པ་དང་། ནང་ཆོས་ཐད་གོ་རྟོགས་ཀྱང་ཡག་པོ་སྤེལ་ཡོད་པའི་སྐོར་གསུངས་སོང་རྗེས། དྲི་བ་དྲི་ལན་ཐོག་བསྟི་གནས་ཁང་ཁག་གི་འགན་འཛིན་ཕན་ཚུལ་བར་བགྲོ་གླེང་དང་བརྗོད་གཞིའི་ཐོག་བསམ་ཚུལ་རྗེས་རེས་གནང་སོང།

འདི་གའི་གསར་འགོད་པས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ལ་བགྲོ་གླེང་དེ་ཚོགས་དགོས་པའི་དགོས་འདུན་སྐོར་ལ་དྲིས་པས། ཁོང་མོས་བརྗོད་དོན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ད་ལྟར་བར་དུ་དགུང་ལོ་༢༤་རིང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་བོད་པའི་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་གནས་སྟངས་ཐོག་ནས་ཁོང་གློད་གྲོལ་ངེས་པར་དུ་ཡོང་དགོས་པ་དེ་བགྲོ་གླེང་འདིའི་དགོས་པ་རེད་རེད།

དེ་ནས་ཚོགས་པ་ཁག་འདྲ་མིན་ནས་གཏམ་བཤད་པ་གདན་འདྲེན་ཞུ་དགོས་དོན་སྐོར་དྲིས་པས། ཁོང་མོས་བརྗོད་དོན། རྒྱུན་དུ་ནས་ང་ཚོ་ཚོགས་ཁག་འདྲ་མིན་ནས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་རེད། དེར་བརྟེན། ཁོང་ཚོར་དོ་སྣང་དང་ཉམས་མྱོང་ཤུགས་ཆེན་ཡོད་རེད། མ་འོངས་པར་སྤྱི་ཚོགས་ནང་ག་འདྲ་ཡོང་གི་ཡོད་མེད་དང་། དེ་བཞིན་༸གོང་ས་མཆོག་དགུང་ལོ་མཐོན་པོ་ཆགས་ཀྱི་ཡོད་རེད། ང་རང་ཚོ་བོད་པ་ཚང་མའི་སེམས་ལ་དངངས་སྐྲག་ཞེ་དྲག་ཡོད་རེད། གལ་སྲིད་པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་བ་ཡིན་ན། དེའི་གནས་སྟངས་དེ་ཡང་ཏོག་ཙམ་ཡང་རུ་འགྲོ་ཡི་རེད། དེ་རིང་ང་ཚོ་འདིར་བསམ་ཚུལ་མ་གཅིག་པ་ཚོ་མཉམ་དུ་སྤོང་པ་ཡིན་ན། མ་འོངས་པ་ཡང་ང་ཚོ་གོམ་པ་གསར་བ་ཞིག་བརྒྱག་རྒྱུར་ཕན་ཐོག་ཡོང་གི་རེད་བསམས་སོང་།

མ་འོངས་པར་ཚོགས་པ་ཁག་ནས་མཉམ་རུབ་ཐོག་ལས་འགུལ་སྤེལ་འཆར་ཡོད་མེད་སྐོར་དྲིས་པས། ཁོང་མོས་ལས་འགུལ་དེ་འདྲ་ཡོང་སྲིད་པ་རེད། དེའི་སྔོན་བྱུང་ཡོད་རེད་ལ་མ་འོངས་པ་ཡང་འབྱུང་སྲིད་པ་རེད་ཅེས་གསུངས་སོང་།