16
Mon, Dec

ཁྱེད་ཀྱིས་ཁྱབ་བསྒྲགས་དེ་དག་འཀོག་འདོད་ན་ ADBLOCK PLUS ཕབས་ལེན་བྱེད་དགོས།

བརྡ་འཕྲིན་རིག་གནས།
Typography

ང་ཚོས་རྒྱུན་པར་རིན་མེད་ཀྱི་ཨེཔྶ་(apps) དང་གློག་རྩེད་ (games)མང་པོ་ཞིག་རང་ཉིད་ཀྱི་ཁ་པར་དང་ཨན་ཌོའི་གློག་ཆས་ནང་སྒྲིག་འཇུག་བྱེད་ཀྱི་ཡོད།

རིན་མེད་ཀྱི་ཨན་ཌོའི་ཨེཔྶ་(apps) དེ་དག་རྒྱུད་ཁྱེད་ལ་ཡང་ཡང་མཐོང་འདོད་མེད་པའི་ཁྱབ་བསྒྲགས་མང་པོ་ཞིག་ཁ་པར་ངོས་གང་རུང་དུ་འཆར་ཡོང་གི་ཡོད། དེ་ནི་རིན་མེད་མཉེན་ཆས་སྤྱི་ཡོངས་ཀྱི་རྒྱུན་སྲོལ་ཞིག་ཡིན། ཁྱབ་བསྒྲགས་དེ་དག་ཁ་པར་གྱི་ངོས་སུ་འཆར་སྐབས་གཅིག་ནས་དྲ་རྒྱའི་མྱུར་ཚད་འགོར་དུ་གཏོང་བ་དང་། གཉིས་ནས་ཁྱབ་བསྒྲགས་དེ་དག་གི་སྟེང་ལྷོད་གཡེང་ཤོར་དེ་མཛུབ་མོ་གནོན་ཤོར་ན་དྲ་ཚིགས་གཞན་དུ་རྒྱུགས་འགྲོ་བ་དང་སྐབས་རེ་དངུལ་སྒོར་ཤོར་སྲིད་ཀྱི་ཡོད། དེར་བརྟེན་ཁྱབ་བསྒྲགས་དེ་དག་འཆར་འོང་བ་ནི་དངོས་གནས་བསུན་སྣང་སྐྱེ་གཞི་ཞིག་ཡིན།

གལ་ཏེ་ཁྱེད་ཀྱིས་སྤྱོད་བཞིན་པའི་ཨེཔྶ་དེ་དག་ནང་ཁྱབ་བསྒྲགས་དེ་དག་བཀག་འདོད་དམ་མངོན་རྒྱུ་མེད་པ་བཟོ་འདོད་ན་དེར་ཐབས་ཤེས་ཤིག་འདུག ཨན་ཌོ་སྤྱོད་མཁན་ཚོས་ Adblock Plus ཟེར་བའི་ཨེཔྶ་ (apps) རིན་མིན་དེ་ཕབས་ལེན་དང་བེད་སྤྱོད་གནང་དང་། མཉེན་ཆས་དེས་ཁྱབ་བསྒྲགས་ཆོ་མེད་དེ་དག་བཀག་ཐུབ་ཀྱི་འདུག མཉེན་ཆས་དེ་ལས་ཀ་ཡག་པོ་ལས་པར་ཁྱེད་ཀྱི་ཨན་ཌོའི་མ་ལག་གི་ཐོན་རིམ་ ༣ ཡན་དགོས་འདུག

ཡོང་ཁུངས། བསོད་ནམས་ཟླ་བའི་དྲྭ་བ།