24
Sat, Oct

ནོ་སྦེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་མཁན་ལོ་སེ-གྷ་ལུ་ཁི(Louise Glück)ལགས། པར། བརྒྱུད་ལམ།

རྩོམ་ཡིག་གཞན།
དྲ་འཕྲུལ་ཡོ་ཆས།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༨ཉིན། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ནི། ཨ་རིའི་སྙན་ངག་པ་སྐད་གྲགས་ཅན་ལོ་སེ-གྷི་ལུ་ཁི(Louise Glück)ལགས་ལ་ཕུལ་ཡོད་ཅིང་། རྒྱུ་མཚན་ནི། ཁོང་མོའི་ཡང་དག་པའི་སྙན་ངག་གི་སྐད་ཆས་ལྷད་མེད་ཀྱི་མཛེས་པའི་སྒོ་ནས་སྒེར་ངོས་ཀྱི་འཚོ་བ་ཡོངས་ཁྱབ་ཏུ་བསྒྱུར་ཡོད་སྐོར་བརྗོད་འདུག

དེ་ཡང་། ནོ་སྦེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་མཁན་ལོ་སེ-གྷ་ལུ་ཁི(Louise Glück)ལགས་ཀྱི་ཐོག་མའི་སྙན་ངག་དཔེ་དེབ་ནི་ཐོག་མ་སྐྱེས་པ་(Firstborn)ཞེས་པ་དེ་ཡིན་ཞིང་། ཕྱི་ལོ་༡༩༦༨་ལོར་ཁོང་མོའི་སྙན་ངག་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་འདུག སྙན་ངག་དཔེ་དེབ་དེ་མགྱོགས་པོར་སྐད་གྲགས་ཆེན་པོ་ཆགས་ནས་ཨ་རིའི་དེང་རབས་རྩོམ་རིག་ཁྲོད་ནས་གཟེངས་སུ་ཐོན་ཡོད། ཅེས་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་འགྲེལ་བརྗོད་བྱས་འདུག

ཁོང་མོས་སྙན་ངག་ཕྱོགས་སྒྲིག་གི་དཔེ་དེབ་༡༢་འགྲེམས་སྤེལ་བྱས་ཡོད་ཅིང་། དེའི་ཁྲོད་ནས་ཕྱི་ལོ་༢༠༠༦་ལོའི་ཨ་ཝེར་ནོ(Averno)ཞེས་པ་ནི་ཕུལ་བྱུང་གི་སྙན་ངག་ཕྱོགས་སྒྲིག་དཔེ་དེབ་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག ཁོང་མོར་ད་བར་ཨ་རིའི་ནང་དུ་རྩོམ་རིག་དང་འབྲེལ་བའི་གཟེངས་རྟགས་མང་པོ་ཐོབ་ཡོད་པ་དང་། དེའི་ནང་དུ་པུ་ལི་ཊ་ཟེར་གཟེངས་རྟགས( Pulitzer Prize)དང་། རྒྱལ་ཡོངས་འགྲོ་བ་མིའི་གཟེངས་རྟགས(National Humanities Medal)། རྒྱལ་ཡོངས་དཔེ་དེབ་གཟེངས་རྟགས(National Book Award)སོགས་ཐོབ་ཡོད་འདུག

ནོ་སྦེལ་གཟེངས་རྟགས་ནི་ཕྱི་ལོ་༡༨༩༥་ལོར་སི་ཝེ་དེན(Sweden)་ནས་ཡིན་པའི་རྫས་སྦྱོར་མཁས་པ་དང་། བཟོ་ལས་འཆར་འགོད་པ། བཟོ་གྲྭ་བ་བཅས་ཡིན་པའི་ལི་ཧྥོ་རེ-ནོ་སྦེལ(Alfred Nobel)ཞེས་པ་ཞིག་གིས་འགོ་བཙུགས་ཡོད་ཅིང་། དེ་ནི་རྫས་སྦྱོར་དང་། དངོས་ཁམས། རྩོམ་རིག ཞི་བདེ། ཚན་རིག གསོ་རིག་བཅས་ཀྱི་ཐོག་གསར་གཏོད་དང་ཞབས་འདེགས་ཆེན་པོ་ཞུས་ཡོད་པའི་མི་སྣ་དག་ལ་ཕུལ་ནས་ཁོ་ཚོའི་བྱས་ཞབས་ཞུ་ལ་ངོས་འཛིན་ཐོབ་ཆེད་དུ་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།