16
Tue, Apr

ཁྲག་ཤེད་མཐོ་བའི་ནད་ལ་གནོད་པའི་་ཟས་རིགས་འདི་དག་འཛེམ་དགོས། པར། བརྒྱུད་ལམ།

འཕྲོད་བསྟེན་ཤེས་བྱ།
ཡིག་གཟུགས་སྒྲིག་ཆས།

དེང་སང་ཁྲག་རླུང་སྟོད་འཚངས་སམ་ཁྲག་ཤེད་མཐོ་བའི་ནད་མནར་མཁན་མང་རུ་འགྲོ་བཞིན་ཡོད་ཅིང་། དེར་ཟས་སྤྱོད་ཐོག་ནས་སྔོན་འགོག་དང་བཅོས་ཐབས་བྱེད་དགོས་པ་གལ་ཆེན་རེད། དེར་བརྟེན། ཁྲག་ཤེད་མཐོ་བའི་ནད་ཡོད་མཁན་དང་དེ་བཞིན་སྔོན་འགོག་ཆེད་དུ་གཤམ་གསལ་ཟས་རིགས་བཅོ་ལྔ་འཛེམ་དགོས་ཐུབ་ན་ཕན་ཐོགས་ཡོད་འདུག

འཛེམ་བྱའི་ཟས་རིགས་དེ་དག་ནི། ཚ་དང་ཆང་། ལྕགས་ཀྲིན་ནང་དུ་ཡོད་པའི་བཅོས་མའི་ཟས་དང་ཁུ་རིགས། ཤ་བཙོས་མ། ཕྱི་ནས་མངགས་གཏོང་བྱེད་བའི་ཟས་རིགས། ཆུ་མངར་མོ་དང་གྲང་མོ་རིགས། འཁྱགས་ཟིན་པའི་ཟས་རིགས། བླ་མ་དམར་རིལ་གྱི་ཁུ་བ། སྙལ་ཚལ། མེར་བསྲེག་ ཟས་རིགས། ཕག་ཤ་ཚྭ་སྐམ། འཚིག་ཇ། མངར་ཆ། སྐྱུར་རིགས་འཐུང་ཆུ། ཤ་དམར་པོ། བག་ཟན་རིགས་བཅས་ཡིན་འདུག

དང་པོ། ཚ་ནི་ཁྲག་ཤེད་མཐོ་བའི་ནད་ལ་ཧ་ཅང་གནོད་ཀྱི་ཡོད་འདུག རྒྱུ་མཚན་ནི། ང་ཚོའི་ཁ་ཟས་ནང་དུ་བུལ་རྫས་(sodium)་ཇེ་མང་འགྲོ་དུས། མཁལ་མའི་བྱེད་ལས་དལ་དུ་གཏོང་གི་ཡོད། མཁལ་མའི་བྱེད་ལས་མྱུར་པོ་མེད་དུས་ཁྲག་གཙང་མ་ལེགས་པོ་བཟོས་ཐུབ་ཀྱི་མེད། དེ་བཞིན། མཁལ་མས་གཅིན་པ་གཙང་མ་བཟོས་མི་ཐུབ་དུས། ཁྲག་ནང་དུ་ཆུ་མང་རུ་ཕྱིན་ནས་ཁྲག་ཤེད་མཐོ་པོ་ཆགས་ཀྱི་ཡོད་འདུག

གཉིས་པ། ལྕགས་ཀྲིན་ནང་དུ་ཡོད་པའི་བཅོས་མའི་ཟས་དང་ཁུ་རིགས་ནི། ཁྲག་ཤེད་མཐོ་རུ་གཏོང་མཁན་གྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན་འདུག འདི་དག་གི་ནང་དུ་མི་རུས་བའི་ཆེད་དུ་བུལ་རྫས་བླུགས་ཡོད།

གསུམ་པ། ཤ་བཙོས་མའང་སྔོན་ནས་བཙོས་པའི་ཕྱེད་བཙོས་བྱས་པའི་ཤ་(Deli meats)། ཤ་འདིའི་རིགས་མི་རུས་པའི་ཆེད་དུ། བུལ་རྫས་མང་པོ་བླུགས་ཡོད།

བཞི་པ། ཕྱིར་གཏོང་ཁ་ལག་གམ་མགྱོགས་ཟས་ནི་མི་མང་པོས་དགའ་མོས་བྱེད་པའི་ཟས་རིགས་ཤིག་ཡིན། འོན་ཀྱང་། ཟས་རིགས་འདི་དག་ལ་སྣུམ་དང་བུལ་རྫས་མང་པོ་བླུགས་ཡོད། དེར་བརྟེན། ཁྲག་ཤེད་འཕེལ་བའི་རྒྱུ་རྐྱེན་ཆགས་ཀྱི་ཡོད།

ལྔ་པ། འཁྱགས་པའི་ཟས་རིགས་སམ་འཁྱགས་སྒམ་ནང་བཞག་ནས་གྲང་པོ་ཆགས་པའི་ཟས་རིགས་ཀྱི་ནང་དུའང་ཚྭ་ཕོན་ཆེན་བླུགས་ཡོད། དེར་བརྟེན། བུལ་རྫས་ཡོད་པའི་ཟས་རིགས་ཀྱིས་ཁྲག་ཤེད་མཐོ་རུ་གཏོང་གི་ཡོད་པ་མ་ཟད། སྙིད་ནད་ཀྱང་བཟོས་ཀྱི་ཡོད།

དྲུག་པ། བླ་མ་དམར་རིལ་གྱི་ཁུ་བ། སྔོན་ནས་བཟོས་པའི་ཁུ་བ་འདིའི་ནང་དུའང་རྒྱུན་རིང་ཉར་ཆེད་བུལ་རྫས་སམ་ཚྭ་བླུགས་ཡོད། འདི་ཡིས་གཟུགས་པོའི་དོ་མཉམ་ལ་གནོན་སྐྱོན་གཏོང་བ་མ་ཟད། མཁལ་མའང་གནོད་སྐྱོན་གཏོང་བར་བརྟེན། ཁྲག་ཤེད་མཐོ་རུ་གཏོང་གི་ཡོད།

བདུན་པ། སྙལ་ཚལ་(pickle)། སྙལ་ཚལ་ནི་སྣུམ་ནག་དང་གཤེར་ཁུའི་ནང་སྨན་སྣ་དང་བསྲེས་ཏེ་བསྙལ་བའི་སྔོ་ཚལ་གྱི་རིགས་ཡིན། འདིའི་ནང་དུའང་ཚྭ་མང་པོ་བླུགས་ཡོད།

བརྒྱད་པ། ཆང་རག་རིགས། ཆང་ནི་གཟུགས་པོར་ཕན་པའི་འཐུང་ཆུ་ཞིག་མིན། ཆང་རྒྱུན་རིང་པོ་དང་མང་པོ་འཐུང་ཚེ་ཁྲག་ཤེད་ལ་གནོད་པ་མ་ཟད། སྙིང་དང་། རྒྱགས་པ་ཆགས་ཀྱི་ཡོད་འདུག མི་རྒྱགས་པར་ཁྲག་ཤེད་མཐོ་བའི་དཀའ་ངལ་འཕྲད་ཀྱི་ཡོད།

དགུ་པ། མེར་སྲེག་པའི་ཟས་རིགས་ནི། བཅུད་ཆེ་མདོག་དང་ཞིམ་མདོག་ཁག་པོ་མངོན་གྱི་ཡོད། འོན་ཀྱང་། དོན་དངོས་ཐོག ཟས་རིགས་འདི་དག་གི་ནང་དུ་བྱེ་མ་ཀ་ར་མང་པོ་ཡོད་པ་མ་ཟད། ཚྭའང་ཡོད། དེར་བརྟེན། འདི་ཚོས་ཁྲག་ཤེད་མཐོ་ཏུ་གཏོང་གི་ཡོད།

བཅུ་པ། ཕག་ཤ་ཚྭ་སྐམ། འདི་ནི་ཚྭ་བླུགས་ནས་སྙལ་གྱི་ཡོད། དེར་བརྟེན། འདིའི་ནང་དུ་ཚིལ་དང་ཚྭ་མང་པོ་ཡོད་རྐྱེན། རང་བཞིན་གྱིས་ཁྲག་ཤེད་འཕེལ་གྱི་ཡོད་འདུག དམིགས་བསལ་ཞོགས་པའི་ཟས་ནི་གལ་ཆེན་ཡིན་ཕྱིར་ཕག་ཤ་ཚྭ་སྐམ་ཟས་ན་གཟུགས་པོར་ལྡབ་ཀྱིས་གནོད་ཀྱི་ཡོད་འདུག

བཅུ་གཅིག འཚིག་ཇ། འཚིག་ཇ་ནི་ཞོགས་པ་མཐུང་ན་ཡག་པོ་ཡོད་འདུག འོན་ཀྱང་། ཚད་ལས་རྒལ་པའི་ཕེན་བླུགས་དྲགས་ན། འདི་ཡིས་ཁྲག་ཤེད་མ་ཟད་སྙིང་ལའང་གནོད་སྐྱོན་གཏོང་གི་ཡོད་འདུག

བཅུ་གཉིས། མངར་ཆ་ཡང་ན་བྱི་རིལ། འདི་ཡི་ནང་དུ་མངར་མོ་རིགས་ཡོད་ཙང་རྒྱག་པ་ཆགས་ཀྱི་ཡོད་འདུག དེར་བརྟེན། འདིའི་ཁྲག་ཤེད་དང་སྙིང་ལའང་གནོད་སྐྱོན་གཏོང་གི་ཡོད་འདུག

བཅུ་གསུམ། སྐྱུར་རིགས་འཐུང་ཆུ། འདིའི་ནང་དུ་བདེ་ཐང་ལ་གནོད་པའི་མངར་མོ་དང་ཚྭ་རིགས་བླུགས་ཡོད། འཐུང་ཆུ་འདིའི་རིགས་ཀྱིས་ཁྲག་ཤེད་འཕེལ་གྱི་ཡོད་མ་ཟད། ནད་གཞི་གཞན་མང་པོ་བཟོས་ཀྱི་ཡོད། དེ་བཞིན། མིའི་ངག་ཉམས་རྒུད་གཏོང་གི་ཡོད་པ་དང་། གཟུགས་པོ་ནང་དུ་ཆུ་ཉུང་དུ་གཏོང་བའང་རླན་བསལ་བྱེད་ཀྱི་ཡོད་འདུག

བཅུ་བཞི། ཤ་དམར་པོ། སྨན་པ་རྣམས་ཀྱིས་ཁྲག་ཤེད་མཐོ་བའི་ནད་མནར་མཁན་ལ་རྒྱུན་དུ་ཤ་དམར་པོ་མ་ཟ་ཞེས་སྐུལ་མ་གཏོང་གི་ཡོད། སྤྱི་བཏང་ཤ་དམར་པོའི་ནང་དུ་ཁྲག་རིལ་དམར་པོའི་སྤྲི་དཀར་མང་པོ་ཡོད། དེར་བརྟེན། ཁྲག་རིལ་དམར་པོའི་སྤྲི་དཀར་གྱིས་ཁྲག་ཤེད་དང་ཁ་ཐུག་འབྲེལ་བ་ཡོད་འདུག

བཅུ་ལྔ། བག་ཟན་རིགས་ནི་མི་མང་པོས་དགའ་མོས་བྱེད་པའི་ཟས་རིགས་ཤིག་ཡིན། འོན་ཀྱང་། ཟས་རིགས་འདི་དག་ནི་གཟུགས་པོར་ཧ་ཅང་གནོད་ཀྱི་ཡོད་འདུག འདི་དག་གིས་མིའི་ངག་ལ་གནོད་ཀྱིན་ཡོད་པ་དང་རྒྱགས་པ་ཆགས་པར་བྱེད། དེ་བཞིན་འདི་ཡིས་ནང་དུ་བྱེ་མ་ཀ་ར་མང་པོ་ཡོད་རྐྱེན་ཁྲག་ཤེད་འཕེལ་གྱི་ཡོད།

ཁྲག་ཤེད་མཐོ་བའི་ནད་ལ་ཕན་པའི་ཟས་རིགས་ནི། དུས་སུ་སྨིན་པའི་ཤིང་ཏོག་དང་། སྔོ་ཚལ་རིགས། ཤ་དཀར་རིགས། གྲོ་ཞིབ་དང་རྩམ་པ། མ་རྨོས་པའི་ལོ་ཏོག་གི་རྩམ་པ་སོགས་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།