24
Sun, Mar
37 New Articles

༢༠༡༨ལོའི་ཟླ་༡༢ཚེས་༢༧ཉིན།རྒྱ་གར་སྲིད་བློན་མོ་ཏེ་མཆོག་རྡ་རམ་སར་གསུང་བཤད་གནང་སྐབས།

གསར་འགྱུར་གཞན།
Typography

༢༠༡༨ལོའི་ཟླ་༡༢ཚེས་༢༧ཉིན། རྒྱ་གར་སྲིད་བློན་མོ་ཏེ་མཆོག་བྷེ་ཇི་པེ་སྲིད་གཞུང་ཧི་མ་ཅལ་མངའ་སྡེའི་ནང་སྲིད་དབང་བཟུང་ནས་ལོ་ངོ་གཅིག་འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་བྱེད་པའི་ཆེད་དུ་རྡ་རམ་ས་ལར་ཕེབས་ཡོད་འདུག ཡིན་ནའང་།བྷེ་ཇི་པེ་ཡི་ཁ་གཏད་ཚོགས་པ་ཀོང་གྷི་རེ་སུ་ཡིས་དུས་དྲན་མཛད་སྒོ་དེ་ནི་འཇོན་མེད་ཀྱི་ཉིན་མོ་ཞེས་སྲུང་བརྩི་བྱས་ནས། བྷེ་ཇི་པེ་སྲིད་གཞུང་གིས་ཧི་མ་ཅལ་ནང་ཉམས་རྒུད་དང་ཕན་ཐོགས་བྱུང་མེད་པའི་ཡིག་ཆ་ཁག་ཅིག་སྤེལ་ཡོད་འདུག

དེ་ཡང་། དུས་དྲན་མཛད་སྒོ་དེ་རྡ་རམ་ས་ལའི་ཉེན་རྟོག་པའི་ཐང་ཆེན་དུ་འཚོགས་ཡོད་པ་དང་། རྒྱ་གར་སྲིད་བློན་མོ་ཏེ་མཆོག་མཛད་སྒོ་ཐོག་ཕེབས་སྐབས་མི་མང་གིས་སྲིད་བློན་མཆོག་གི་པར་འཁྱེར་ནས་དགའ་བསུ་ཟབ་རྒྱས་ཞུས་ཡོད་འདུག དེའི་རྗེས་སྲིད་བློན་མཆོག་གིས་བྷེ་ཇི་པེ་སྲིད་གཞུང་ཧི་མ་ཅལ་མངའ་སྡེའི་ནང་ལེགས་གྲུབ་བྱུང་ཡོད་པའི་དེབ་ཆུང་ཞིག་འགྲེམས་སྤེལ་བྱས་འདུག ཡིན་ནའང་། ཁ་གཏད་ཚོགས་པ་ཀོང་གྷི་རེ་སུ་ཡིས་བྷེ་ཇི་པེ་སྲིད་གཞུང་གིས་ཧི་མ་ཅལ་ནང་ཉམས་རྒུད་དང་ཕན་ཐོགས་བྱུང་མེད་པའི་ཡིག་ཆ་ཁག་ཅིག་སྤེལ་ཡོད་འདུག

སྲིད་བློན་མོ་ཏེ་མཆོག་གིས་གསུང་དོན། ངས་ཧི་མ་ཅལ་མངའ་སྡེ་ནང་ལས་ཀ་བྱས་མྱོང་། ཉམས་མྱོང་མང་པོ་ཐོབ་བྱུང་། དེ་རིང་འདི་ན་ལས་རོགས་གཅིག་པ་མང་པོ་མདུན་གྲས་སུ་མཐོང་བྱུང་བ་དགའ་སྤྲོ་སྐྱེས་བྱུང་། ཧི་མ་ཅལ་མངའ་སྡེ་ནི་ངའི་ཁྱིམ་ལྟ་བུ་ཡིན་། ཧི་མ་ཅལ་མངའ་སྡེའི་ནང་ཡར་རྒྱས་གཏོང་ཆེད་ཧིན་སྒོར་བྱེ་བ་༢༦་གི་ལས་གཞི་ད་ལྟར་འགྲོ་བཞིན་ཡོད་སྐོར་དང་། ཧིན་སྒོར་རེ་རེ་འཕྲོ་བརླག་མི་འགྲོ་བར་མངའ་སྡེ་ཡར་རྒྱས་གཏོང་དགོས་པའི་སྐོར་སོགས་ཀྱི་གསུང་བཤད་གནང་འདུག

དེའི་རྗེས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་མཛད་སྒོའི་ཐོག་ཏུ་བརྗོད་དོན།རྡ་རམ་ས་ལ་ནི་གནད་འགག་ཅན་གྱི་ས་གནས་ཤིག་རེད།བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་བཞུགས་གནས་སུ་གྱུར་པར་བརྟེན་ནས་བྱུང་བ་ཞིག་རེད། ཁོང་གིས་ཉེ་ཆར་རྡ་རམ་ས་ལ་ས་ཁྲའི་ཐོག་འབུར་དུ་ཐོན་པ་དེ་ནི་༸གོང་ས་མཆོག་གི་བཀའ་དྲིན་ཡིན་སྐོར་གསུངས་ཡོད་པ་རེད།

གསལ་བསྒྲགས་ཀྱི་ས་མིག