20
Sat, Jul

ཁོ་མོ་བྲག་ལ་འཛེག་བཞིན་པ།

གསར་འགྱུར་གཞན།
Typography

རྒྱ་ནག་གི་འདི་ལོའི་བྲག་འཛེག་འགྲན་བསྡུར་ཁྲོད་བོད་རིགས་བུ་མོ་པད་མ་གཡུ་སྒྲོན་ལགས་བྲག་འཛེག་པ་ཨང་དང་པོ་ཐོབ་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ཉིན། ༢༠༡༨ལོའི་རྒྱ་ནག་བྲག་འཛེག་མཉམ་འགྲན་ལན་ཀྲོའུ་ཁུལ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཨན་ནིང་ཁུལ་རེན་ཧྲའོ་རི་བོའི་བྲག་འཛེག་ར་བར་མཇུག་བསྒྲིལ་ཡོད་པ་དང་འ དི་ནི་རྒྱ་ནག་གི་བྲག་འཛེག་མཉམ་འགྲན་གྱི་༢༠༡༨ལོའི་འགྲན་བསྡུར་ཐོག་མ་དེ་ཡིན་པ་རེད། ཐེངས་འདིའི་འགྲན་བསྡུར་ཁྲོད་བོད་རིགས་བུ་མོ་པད་མ་གཡུ་སྒྲོན་མཉམ་ཞུགས་བྱས་ཡོད་འདུག ཁོ་མོ་བོད་ལྗོངས་ཀྱི་རྒྱལ་ཁབ་བྲག་འཛེག་སྦྱོང་བརྡར་རུ་ཁག་གི་བདམས་བྱུང་བ་དང་ཐེངས་འདིའི་འགྲན་བསྡུར་བུད་མེད་ཀྱི་ཀུན་ཐུབ་བྲག་འཛེག་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་རྣམ་གྲངས་དེའི་ཨང་དང་པོ་ཁོ་མོས་བླངས་ཡོད་པ་རེད་འདུག

གསལ་བསྒྲགས་ཀྱི་ས་མིག