18
Thu, Apr

ཨོ་གླིང་གི་བྱིས་པ་བྷི་ལེ-ཁམ་བྷེལ་དང་དབྱིན་ཇའི་སྲས་མོ་ཌི་ན།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༢༩་ཉིན་སྤེལ། ཉེ་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་ནས་ཡིན་པའི་བྱིས་པ་ལོ་ན་བཞི་ལ་སོན་པའི་བྷི་ལེ-ཁམ་བྷེལ(Billy Campbell)་གྱིས་རང་ཉིད་དབྱིན་ཇིའི་སྲས་མོ་ཌི་ནའི(Diana)་ཡང་སྲིད་ཡིན་སྐོར་བརྗོད་འདུག

དེ་ཡང་། ཟླ་འདིའི་ཚེས་༡༨་ཉིན། དབྱིན་ཇིའི་གསར་ཁང་ཞིག་གིས་གནས་ཚུལ་དེ་སྤེལ་ཡོད་པ་དང་། དེ་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་འདུག བྱིས་པ་བྷི་ལེ-ཁམ་བྷེལ་གྱི་པ་ལགས་ཡིན་པའི་ཨོ་གླིང་གི་བརྙན་འཕྲིན་མདོ་འཛིན་པ་ཌ་ཝིད-ཁམ་བྷེལ་(David Campbell)་གྱིས། ཁོའི་བུས་༡༩༩༧་ལོར་འདས་གྲོངས་སུ་ཕྱིན་ཟིན་པའི་དབྱིན་ཇིའི་སྲས་མོ་ཌི་ནའི་ཡང་སྲིད་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་ཅེས་བརྗོད་འདུག

བྷི་ལེ-ཁམ་བྷེལ་ནི་སྲས་མོ་ཌི་ན་གྲོངས་ནས་ལོ་ངོ་༡༨་རྗེས་ནས་སྐྱེས་ཡོད་པ་དང་། ཁོ་ལོ་ན་གཉིས་ཡིན་སྐབས། ཤོག་བྱང་(card)ཞིག་གི་སྟེང་དུ་ཡོད་པའི་སྲས་མོ་ཌི་ནའི་པར་མཐོང་སྐབས། ལྟོས་དང་། འདི་ནི་ང་སྲས་མོ་ཡིན་སྐབས་རེད་ཅེས་བརྗོད་འདུག

བྱིས་པ་བྷི་ལེ-ཁམ་བྷེལ་གྱིས་ཁོ་རང་སྲས་མོའི་ཡང་སྲིད་ཡིན་སྐོར་ཡང་ནས་ཡང་དུ་བརྗོད་ཀྱི་ཡོད་འདུག་པ་མ་ཟད། སྲས་མོ་ཌི་ན་བྱིས་པ་ཡིན་པའི་སྐབས་ཀྱི་གནས་ཚུལ་རྣམས་དངོས་གསལ་དོད་པོས་རྒྱས་བཤད་བྱས་ཡོད་ཅིང་། དེ་ནས་མོ་རང་གི་སྲས་ཝི་ལམ་(William)་དང་ཧེ་རེས་(Harry)་ཡིན་སྐོར་ཡང་བརྗོད་འདུག སྲས་ཝི་ལམ་དང་ཧེ་རེས་ནི་ད་ལྟའི་དབྱིན་ཇའི་རྒྱལ་སྲས་ཡིན།

གཞན་ཡང་། ཁོ་རང་གི་གཅུང་པོ་ཇོན(John)་གྱི་སྐོར་ལ་བཤད་ཀྱི་ཡོད་འདུག ཇོན་ནི་སྲས་མོ་ཌི་ནའི་གཅུང་པོ་ཡིན་པ་དང་། སྐྱེས་ནས་ཆུ་ཚོད་ཁ་ཤས་རྗེས་སུ་གྲོངས་ཡོད་འདུག

སྲས་མོ་ཌི་ན་ནི་རྒྱལ་སྲས་ཆ་ལི་སུ་(Charles)་དང་གཉེན་སྒྲིག་བྱས་ཡོད་ཅིང་། ཝ་ལི་སུ་(Wales)་ཡི་སྲས་མོ་ཡིན་ཞིང་། ཁོ་མོ་ནི་མི་ཚང་མས་དགའ་མོས་བྱེད་པའི་སྲས་མོ་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་རྩོལ་མཁན་ཞིག་ཀྱང་ཡིན་འདུག